boy uchen

8
དན་བ་འབ་ཐར། Copyright © 2010 ISBN: 978-81-87859-78-9 Story by: Tsering Samdup Edited by: Sangye Tandar Naga Design & Layout by: Lobsang Gonpo Illustrations by: Tenzin Gawa Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: [email protected] www.sambhota.org

Upload: karma-chungdak

Post on 28-Mar-2016

231 views

Category:

Documents


0 download

DESCRIPTION

 

TRANSCRIPT

Page 1: Boy Uchen

དོན་གྲུབ་འཚུབ་ཐེར།

Copyright © 2010

ISBN: 978-81-87859-78-9

Story by: Tsering Samdup Edited by: Sangye Tandar Naga

Design & Layout by: Lobsang Gonpo Illustrations by: Tenzin Gawa

Published by: Sambhota Tibetan Schools Society, Session Road, Dharamsala -176215

Distt: Kangra (H.P.), INDIA

Phone: 01892-228877 / 226877 Email: [email protected]

www.sambhota.org

Page 2: Boy Uchen

 ༡ 

༄༅། །བུུ་དོན་གྲུུབ་ནི་སྤྱོད་པ་འཚུབ་པོ་ཞེེ་དྲག་རེེད། ཁོས་ཕ་མ་

དང་དགེེ་རྒན། འཛིན་རོགས་རྣམས་ལ་འབྲེེལ་ལམ་ཡག་པོ་མ་

བཞག་སྟབས་ཁོ་རང་གཅིག་པོ་གྲོགས་མེེད་ཁེེར་རྐྱང་ལུུས་པ་

རེེད།

 ༢  

ཁོ་རང་ག་དུས་ཡིན་ཡང་རྩེེད་མོ་རྩེེ་རྒྱུ་དང་སློབ་སྦྱོང་སོགས་

གཅིག་པུར་བྱེེད་ཀྱི་ཡོད་པ་མ་ཟད། འཛིན་གྲྭའི་

ནང་ལའང་གཅིག་པུར་སྡོད་

ཀྱི་ཡོད།

Page 3: Boy Uchen

 ༣   ༤  

ཉིན་ཞིག་འཛིན་གྲྭའི་དགེེ་རྒན་གྱིས། སློབ་ཕྲུུག་ཚོ་དེེ་རིང་སློབ་

འཁྲིད་བྱེེད་ཀྱི་མིན། ཁྱེེད་ཚོ་ཚང་མ་རྩེེད་མོ་རྩེེ་རུུ་རྒྱུགས། ཞེེས་

གསུངས་པར།

སློབ་ཕྲུུག་ཚང་མ་དགའ་པོའ ི་ངང་རྩེེད་མོ་རྩེེ་རུུ་ཕྱིན་པ་རེེད་

ཡིན་ནའང༌། དོན་གྲུུབ་གཅིག་པུ་འཛིན་གྲྭའི་ནང་བསྡད་བསྡད་

པ་རེེད།

Page 4: Boy Uchen

དེེ་ནས་རྒན་ལགས་ཀྱིས། དོན་གྲུུབ་ལགས་ཁྱེེད་རང་རྩེེད་མོ་རྩེེ་

ཀ་ག་རེེ་བྱས་ནས་འགྲོ་གི་མིན་པས། ཞེེས་སྐད་ཆ་དྲིས་པར། དོན་

གྲུུབ་ཀྱིས་མི་ཚང་མས་ང་དང་མཉམ་དུ་རྩེེད་མོ་རྩེེ་འདོད་བྱེེད་ཀྱི་

མི་འདུག །ཅེེས་ལན་བཏབ་པ་རེེད།

སྐབས་དེེར་རྒན་ལགས་ནས་དོན་གྲུུབ་

ལ་སློབ་སྟོན་གནང་འདོད་བྱུང་བ་དང༌།

གལ་ཏེེ་དོན་གྲུུབ་སྤྱོད་ལམ་འཚུབ་པོ་

མེེད་ན་ཁོ་ལ་རྩེེད་རོགས་མང་པོ་ཐོབ་

ཀྱི་རེེད་དགོངས་པ་རེེད།

 ༥   ༦  

Page 5: Boy Uchen

རྒན་ལགས་ཀྱིས་ཤེེལ་གྱི་དཀར་ཡོལ་གཉིས་ནང་ཆུུ་བླུགས་ཏེེ་

འཁྱེེར་ཡོང་ནས་དོན་གྲུུབ་ལ་ཁྱེེད་རང་འདིར་ཤོག་དང༌། དཀར་

ཡོལ་གཉིས་ཀྱི་ནང་ཡོད་པའི་ཆུུ་རིམ་བཞིན་འཐུུང་དགོས་པའི་

བཀའ་གནང༌།

དེེ་ནས་དོན་གྲུུབ་ཀྱིས་དཀར་ཡོལ་གཅིག་གི་ཆུུ་བཏུུང་སྟེེ་རྒན་

ལགས་ཆུུ་དེེ་མངར་མོ་དང་ཞིམ་པོ་ཞེེ་དྲག་འདུག །ཅེེས་ཞུས་པ་

རེེད།

 ༧   ༨  

Page 6: Boy Uchen

དེེའི་རྗེེས་ཁོས་དཀར་ཡོལ་གཞན་གྱི་ཆུུ་འཐུུང་མ་ཐག་ཁ་ནས་ཆུུ་

ཆ་ཚང་བསྐྱུགས་པ་རེེད།

རྒན་ལགས་ནས་ཁྱེེད་རང་གིས་ཆུུ་ག་རེེ་བྱས་ནས་བསྐྱུགས་པ་

ཡིན། ཞེེས་སྐད་ཆ་དྲིས་པར། དོན་གྲུུབ་ནས་རྒན་ལགས་ཆུུ་དེེ་ཚ་

ཁུུ་རེེད་འདུག །ཅེེས་ལན་བཏབ་པ་རེེད།

 ༩   ༡༠  

Page 7: Boy Uchen

རྒན་ལགས་འཛུུམ་དང་བཅས་ནས་དོན་གྲུུབ་ལགས། མི་ཚང་མ་

ལ་ཆུུ་དགོས་པ་ལྟར་གྲོགས་པོ་ཡང་དགོས། དེེ་ཙམ་མ་ཟད། གལ་

སྲིད་ཁྱེེད་རང་ཡ་རབས་བཟང་

སྤྱོད་ལྡན་པ་ཞིག་ཡོད་ན་མི་

ཚང་མས་ཁྱེེད་རང་ལ་དགའ་བོ་བྱེེད་ཀྱི་རེེད། གལ་སྲིད་ཁྱེེད་རང་

སྤྱོད་པ་འཚུབ་པོ་ཡོད་ན་མི་ཚང་མས་ཁྱེེད་རང་ལ་དགའ་བོ་བྱེེད་

ཀྱི་མ་རེེད།

དེེ་ཡང་མི་ཚང་མས་མཚོ་ཆུུ་དང་ཁྲོན་པ་ནས་ཆུུ་འཐུུང་གི་ཡོད་

ཀྱང༌། རྒྱ་མཚོ་ནས་ཆུུ་འཐུུང་གི་མེེད། གང་ཡིན་ཞེེ་ན་རྒྱ་མཚོའི་

ཆུུ་ནི་ཚ་ཁུུ་ཡིན་ཙང་རེེད། ཅེེས་ལམ་སྟོན་གནང་བ་རེེད།

 ༡༡   ༡༢  

Page 8: Boy Uchen

དེེའི་རྗེེས་དོན་གྲུུབ་ཀྱིས་རང་ཉིད་ལ་གྲོགས་པོ་མེེད་པའི་རྒྱུ་

མཚན་གསལ་རྟོགས་བྱུང་བ་རེེད།

དེེ་ནས་དོན་གྲུུབ་ཀྱིས་སོ་སོའ ི་གཤིས་ཀར་

འགྱུུར་བ་བཏང་ནས་མི་ཚང་མར་འབྲེེལ་

བ་ཡག་པོ་བྱས་པར་སོང༌། ཁོ་རང་ལ་

གྲོགས་པོ་མང་དུ་ཕྱིན་པ་མ་ཟད། ཁོ་རང་དང་རྒན་ལགས། ཕ་མ་

བཅས་དགའ་བོ་བྱུང་བ་རེེད།།

 ༡༣   ༡༤