metok

47
འར་ཤེས་པའི་མ་ཏག་ སམ་ོ་ཊ་བོད་གང་ོབ་འི་་བ་ཡིག་ཚང་

Upload: karma-chungdak

Post on 11-Mar-2016

237 views

Category:

Documents


2 download

DESCRIPTION

 

TRANSCRIPT

Page 1: Metok

འཕུར་ཤེས་པའི་མེེ་ཏོོག་

སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱིི་ཁྱབ་ཡིག་ཚང་

Page 2: Metok

Copyright © 2009

All rights reserved. No part of this publication maybe reproduced, Without the prior permission of the Department of Education, CTA, Dharamsala -176215

ISBN: 978-81-87859-52-9

Author: Samling Tsering Lhamo Compiled by: Tenzin Wangdue Edited by: Sangye Tandar Naga Illustration by: Passang Dhondup Layout & designed by: Lobsang Gonpo

Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877

Email: [email protected] / [email protected] www.sambhota.org

Page 3: Metok

སྔོན་གླེང༌

༄༅་།ཉེ་བའིི་ལོོ་ཤས་ནང་བཙན་བྱོལ་བོད་མིིའིིི་སྤྱིི་ཚོོགས་

ཁྲོད་བོད་ཡིིག་དཔེ་དེེབ་ཇེ་མང་དུ་ཐོན་བཞིན་པ་དེས་ བོད་ཀྱིི་སྐད་

ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཕྱོོགས་

སུ་སྐྱོད་བཞིན་པར་གདོན་མིི་ཟ་ འོན་ཀྱང་དེབ་རིིགས་ཕལ་ཆེ་

བ་དབུ་ཅན་ཡིག་གཟུགས་འབའ་ཞིིག་ཡིན་གཤིས་ བོད་མིིའིིི་

གཞིི་རིིིམ་སློབ་གྲྭ་ཁག་གི་འཛིིན་རིིམ་དང་པོ་ནས་གསུམ་པ་

བར་གྱིི་སློོབ་ཕྲུུག་ཚོའིི་མིིག་གིི་སྤྱོོད་ཡུུལ་དུུ་གྱུུར་མ་ཐུུབ་པར་

བརྟེན་ འདི་ག་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱིི་ཁྱབ་ཡིག་

ཚང་ནས་ལོ་ཆུང་བྱིས་པའམ་གཞི་རིིམ་འོག་མའི་འཛིིན་རིིམ་

དང་པོ་ནས་གསུམ་པ་བར་གྱི་སློོབ་ཕྲུུག་ཚོར་ཉེ་བར་མཁོ་བའིི་

Page 4: Metok

དེེེབ་རིིགས་ཁག་གཅིག་དབུུ་མེད་ཡིིག་གཟུགས་ཐོག་ཕབ་སྟེ་

དཔར་སྐྲུུན་འགྲེམ་སྤེལ་ཞུས་དང་ཞུ་བཞིན་ཡོད་པ་དང་ ལྷག་

པར་དེབ་འདིི་ནིིི་མ་སུ་རི་གཏན་སློབ་བོད་དགེ་བསམ་གླིང་ཚེ་

རིིང་ལྷ་མོ་ལགས་ཀྱིས་ངལ་བ་ཚད་མེད་ཐོག་སྔ་དགོང་དང་གུུང་

སེང་གིི་དུུས་ཡུུན་སྤྱད་དེ་བརྩམས་བསྒྱུར་གནང་བ་ཞིག་ཡིིན་

ཞིིང་ དེས་བོད་ཕྲུུག་ཆུུང་ཆུུང་ཚོ་དང་བོད་ཡིིག་དཔེ་དེེབ་ཁག་གི་

དབར་ བར་ཐག་ཉེ་རུུ་བཏང་སྟེ་བོོད་ཀྱིི་རིིིག་གནས་ཤེས་ཚད་གོང་

འཕེལ་གཏོང་བའིི་མཐུུན་གྲོགས་སུུ་འགྱུུར་ཐུུབ་པའི་རེེ་སྨོོན་

བཅས་ བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུུ་བདུུན་པའི་ས་གླང་

ཕྱིི་ལོོ་ ༢༠༠༩ ལོའིི་ཟླ་ ༡༢ ཚེེས་ ༡༧ བཟང་པོ་ཉིིན་ལ་

སམ་བྷོ་ཊ་བོད་སློོབ་སྤྱིི་ཁྱབ་ཡིག་ཚང་ནས་།

Page 5: Metok

དཀར་ཆག་

༡༽ འཕུུར་ཤེས་པའི་མེེ་ཏོོག་ � � � � � � � � � � � � � � � � � � � � � � ༡

༢༽ ཞིིིམ་ཕྲུག་ � � � � � � � � � � � � � � � � � � � � � � � � � � � ༤

༣༽ སེེམས་ཅན་དང་ཟས་ � � � � � � � � � � � � � � � � � � � � � � � ༧

༤༽ རིི་བོོང་དང་ཙི་ཙིི་ � � � � � � � � � � � � � � � � � � � � � � � � � � ༨

༥༽ རྒྱ་སྲན་བཏབ་པ་ � � � � � � � � � � � � � � � � � � � � � � � � ༡༠

༦༽ ལྕོང་མོ་ཆུུང་ཆུུང་ཚོས་ཨ་མ་འཚོལ་བ་ � � � � � � � � � � � � � � ༡༢

༧༽ ལག་རྟགས་ � � � � � � � � � � � � � � � � � � � � � � � � � � ༡༤

༨༽ སྦྲང་ནོར་བུུ་ཆུུང་ཆུུང་ � � � � � � � � � � � � � � � � � � � � � � � ༡༦

༩༽ རིི་བོོང་གིིས་དགྲ་ཤ་བླངས་པ་ � � � � � � � � � � � � � � � � � � � � ༡༨

༡༠༽ བྱ་ཕོ་བླ་སིིལ་ ༼ཕ་ཡུལ་ནང་ཐོན་༽ � � � � � � � � � � � � � � � ༢༢

༡༡༽ གུས་ཞབས་བྱེད་པ་ � � � � � � � � � � � � � � � � � � � � � � � ༢༦

༡༢༽ རྔ་མོང་དང་ར་ ༼བཅོོོས་བསྒྲིགས་བྱས་པའི་སྒྲུང་༽ � � � � � � � � � � � ༢༩

༡༣༽ གྲོགས་པོ་གསུམ་དང་གྲོག་མ་ ༼བཅོོོས་བསྒྲིགས་བྱས་པའི་སྒྲུང་༽ � � � ༣༣

༡༤༽ སྤང་ཤ་རམ་བུུ་ � � � � � � � � � � � � � � � � � � � � � � � � � ༣༥

༡༥༽ ཤེེས་རྩལ་སྦྱོང་བ་ � � � � � � � � � � � � � � � � � � � � � � � ༣༧

Page 6: Metok

༄་།ཞོགས་པ་སྔ་པོ་ཞིིག་སྦྲང་ནོར་བུུ་ཆུུང་ཆུུང་ཞིིག་ལྡིིང་སྐོོར་

རྒྱག་གིན་ལྡུམ་རའི་ནང་སླེབས་པ་རེད་ དེ་དུུས་

རླུང་བུུ་བསིལ་བུ་ཞིག་རྒྱག་གི་ཡོོད་པས་སྦྲང་ནོར་བུའིི་གཟུགས་

པོའིི་སྒང་གི་བ་སྤུུ་དེ་ཚོོ་ ཡང་འདར་སིག་

སིིག་བྱེད་ཀྱིི་འདུུག་ ད་དུུང་མེ་ཏོོག་མང་ཆེ་བ་ཞལ་ཁ་

ཕྱེ་མེེད་པ་དང་སྒྲོལ་མ་མེ་ཏོོག་དང་ ཡང་ཅུན་ སྐལ་བཟང་

ཁོང་གསུམ་གཅིག་པུ་གཉིད་སད་

ནས་བསྡད་ཡོད་པ་རེད་ སྦྲང་ནོར་བུས་ཁོང་

གསུམ་ལ་ལྡིང་སྐོར་རྒྱག་སྐབས་ཡང་ཅུན་

གྱིས་ཁྱེད་རང་ སྔ་པོ་དེེ་འདྲ་

ཕེབས་པས་ ཞེས་དྲིིས་ སྦྲང་ནོར་

འཕུར་ཤེས་པའི་མེེ་ཏོོག་

1

Page 7: Metok

2 3

བུས་དེ་རིིང་ངས་སྦྲང་རྩི་མང་ཙམ་གསོག་འཇོག་བྱེད་ཐུབ་རྒྱུའི་

ཆེེད་སྔ་ཙམ་ཡོང་བ་ཡིན་ ཡིན་ནའི་མེེ་ཏོོག་མང་ཆེ་བ་

གཉིད་ཁུག་ཡོད་པར་མ་ཟད་རོགས་པ་སུ་གང་ཡང་མི་འདུག་

དེ་འདྲའི་ཉོོབ་པ་ལ་ཨང་ ཞེས་བཤད་པ་རེད་ དེའིི་སྐབས་ཁོའིི་

སྣང་ངོར་ཡང་ཅུན་སེར་པོ་ཆུུང་ཆུུང་ཞིག་འཕུུར་ཡོང་ནས་ཁོ་ལ་

སྐོར་བ་རྒྱག་པ་ལྟ་བུུ་མཐོང་བས་ཁོ་ཡ་མཚན་ཆེན་པོ་སྐྱེེས་

ནས་མིག་ཧུར་རེར་བལྟས་བསྡད་པ་རེད་ འོ་ཛིི་ ཆེམ་ཆེ་ལྷ་མོ་

རེེད་འདུུག་ག་ ང་ནིི་མེེ་ཏོོག་གིིས་འཕུར་ཤེས་ཀྱིི་འདུུག་བསམ་

བྱུང་ ཞེས་བཤད་པ་རེད་ ཆེམ་ཆེ་ལྷ་མོས་ ང་རང་ལ་རོགས་པར་

ཡོང་བ་ཡིན་ ད་དུུང་རང་ལྟོས་དང་ ཞེས་ཤོད་སྐབས་ཆེམ་ཆེ་ལྷ་

མོ་ཁྱུ་གཅིག་མེ་ཏོོག་གཅིག་གིི་སྒང་ནས་གཅིག་ལ་འཕུར་

ཡང་གཅིག་ནས་གཅིག་ལ་འཕུར་བྱས༌ལྡུམ་ར་དེ་ཡ་མཚན་

ཅན་ཞིག་ཏུུ་འགྱུུར་བ་རེད་ སྦྲང་ནོར་བུས་ འོ་ཛོོ་ཆེེམ་ཆེ་ལྷ་མོ་

Page 8: Metok

2 3

ཚོོས་མདོག་འདྲ་མིན་མང་པོ་འདིི་འདྲ་སྙིང་རྗེེ་བ་ལ་ཨང་ ཞེས་

ཁ་ནས་དབང་མེད་དུུ་ཤོར་བ་རེད་ དེ་དུུས་མེ་ཏོོག་མང་པོ་གཉིིད་

སད་ཚར་ཡོད་པས་མི་ཚད་གད་མོ་སིིག་སིིག་རྒོད་ཀྱིི་ཡོོད་ སྦྲང་

ནོར་བུུས་ད་ང་ལ་རོགས་པ་མང་པོ་འདུུག་ དེ་འདྲའིི་སྐྱིིད་པ་ལ་ དེ་

འདྲའིི་སྐྱིིིད་པ་ལ་ ཞེས་ཆེམ་ཆེ་ལྷ་མོ་ཁྱུ་ཚོགས་ཁྲོད་འཕུུར་

ཕྱིན་པ་རེད་།

Page 9: Metok

5

༄་།ཉིན་ཞིིག་ང་དང་པད་མ་ ཉི་མ་ ནོར་བུ་བཅས་གབ་རེས་

ཡིབ་རེེས་ རྩེད་པ་ཡིན་ ང་དང་པད་མ་

ཕྱོགས་ གཅིག་དང་ ཉི་

མ་དང་ནོར་བུ་ ཕྱོགས་གཅིག་རེད་

སྐབས་རེ་ང་ དང་པད་མ་གབ་

པར་བསྐྱོད་ པ་དང་སྐབས་རེ་

ཉིི་མ་དང་ ནོ ར ་བུུ ་ཡིིབ ་

པར་བསྐྱོད་ཀྱིི་

ཡོོད་ ཐེངས་གཅིག་པད་མ་ང་གཉིས་ཟན་ཁང་ནང་ཡིབ་པར་

ཕྱིན་པས་ཞི་མིི་ཁྲ་ཁྲ་ཞིག་མར་མཆོངས་ཡོང་གིི་

འདུུག་ ང་ གཉི ས ་

ཀྱིིས་སྣང་མེད་ཐོག་

ཟན་པའི་དཀྱིིལ་ལ་གབ་པར་འགྲོ་དུུས་ཟན་པ་ཀོང་

ཞིིིམ་ཕྲུག་

4

Page 10: Metok

5

ཀོང་ཞིིག་ནང་སྐྱེས་མ་ཐག་པའི་ཞིིམ་ཕྲུུག་གསུམ་ཉལ་བསྡད་

ཡོད་པ་མཐོང་བྱུང་ ང་གཉིས་དགའ་ཐག་ཆོད་ནས་ ༼ཞིིིམ་

ཕྲུུག་༽ ཅེེས་སྐད་བརྒྱབ་ཡིན་ སྟབས་ཡག་ནས་ཁོང་གཉིས་

ཀྱིིས་གོ་མིི་འདུག་ ང་གཉིས་ཀྱིིས་ཞིིམ་ཕྲུུག་ལ་ལག་པ་

འཆང་གྲབས་བྱེད་དུུས་ ངའི་སེེམས་ལ་སེམས་ཅན་གྱི་ཕྲུུ་གུུ་

ཆུུང་ཆུུང་ལ་མིས་ལག་པ་འཆང་ན་མིའིི་དྲིིི་མ་སེམས་ཅན་ལ་

འགོས་ནས་སེམས་ཅན་ཨ་མས་བདག་པོ་རྒྱག་མི་ནུས་པ་

ཆགས་ཀྱིི་རེེེད་ ཟེར་བ་དེ་དྲན་པའི་སྐབས་དེར་ པད་མས་ ཟླ་བ་

ལག་པ་མ་འཆང་ ལག་པ་འཆང་ན་ཞི་མིི་ཨ་མས་བདག་

པོ་རྒྱག་གིི་མ་རེད་ ཅེས་བཤད་བྱུང་ ང་ཡང་སྐད་ཆ་དེར་དགའ་

པོ་བྱུང་ དེ་ནས་ང་གཉིས་ཀྱིིས་ས་ཆ་གཞན་ལ་ཡིབ་པར་བསྐྱོད་

པ་ཡིན་ ཉིིན་ཤས་རྗེས་ཞིིམ་ཕྲུུག་ཆུུང་ཆུུང་དེེ་ཚོ་ཞིི་མིི་ཨ་

མ་མཉམ་དུུ་རྩལ་ལག་སྦྱོང་བཞིིན་ཡོད་པ་ང་ཚོས་མཐོང་བྱུང་

Page 11: Metok

6

བས་ང་གཉིས་ཀྱིིས་ ཁ་སྔོན་གབ་རེས་ཡིིབ་རེེས་རྩེད་དུས་ཞིམ་

ཕྲུུག་དེ་ཚོོ་ང་གཉིས་ཀྱིིས་མཐོང་བྱུང་ཞེས་བཤད་པས་ཁོང་གཉིས་

ཀྱིིས་ དེ་གཉིིས་ཀྱིིས་ཀྱང་མཐོང་བྱུང་ ཁྱེད་གཉིས་ཀྱིིས་ལག་པ་

འཆང་གིི་རེེེད་བསམ་ནས་གསང་བ་བྱས་པ་ཡིན་ ཞེས་བཤད་བྱུང་

ད་བྱེད་དུུས་ང་ཚོ་ཚང་མས་མཐོང་བའིི་ཞིིིམ་ཕྲུུག་དེ་ཚོོ་ད་ཆ་ཆེན་

པོ་འདིི་འདྲ་ཆགས་འདུུག་ ཞིམ་ཕྲུུག་ཁྲ་ཁྲ་ཆུུང་ཆུུང་ཞིག་གིིས་

དགའ་མཆོང་བྱེེད་པ་དང་ཁྲ་ཆུུང་གཞན་ཞིག་གིིས་ཙིི་ཙིི་ཟིིན་

རྩིིས་བྱས་ནས་བསྡད་འདུག༌།

Page 12: Metok

6

༄་།སྤང་སྔོ་ཐིིང་ཐིིང་ཞིིག་གིི་སྒང་ལ་རི་བོོང་དང་ཤ་བ་དགོོ་བ་

གླང་ཆེན་སོགས་སྐྱིད་མདོག་ཁ་པོས་རྩྭ་བཟས་ནས་བསྡད་ཡོད་

པ་རེད་ ཁོང་ཚོ་ནིི་རྩྭ་བཟས་པ་དང་ཆུ་འཐུུང་ནས་འཚོ་བ་སྐྱེལ་

གྱིི་ཡོོད་པས་ཁོང་ཚོར་རྩྭ་ཟན་སེམས་ཅན་ཟེར་ ཡང་ཚུར་

ཕྱོགས་དེར་བྲག་རི་ཤིིང་ཐར་ཐོར་ཡོད་པ་ཞིག་གིི་སྟེེང་ལ་སྟག་དང་

གཟིག་ དོམ་ སེང་གེ་ སྤྱང་ཀི་སོོགས་བསྡད་ཡོད་པ་རེད་

ཁངོ་ཚ་ོནིི་སྤང་སྒང་ལ་ཡདོ་པའིི་རྩྭ་བཟའ་མཁན་སམེས་

ཅན་རྣམས་རེ་རེེ་བྱས་ནས་བཟའ་དགོས་བསམ་བསྡད་ཡོད་པ་

རེེད་ ཁོང་ཚོས་རྟག་པར་སྲོག་ཆགས་སེམས་ཅན་བསད་

ནས་བཟའ་ཡིིི་ཡོོད་པས་ཁོང་ཚོོའིིི་མིིིང་ལ་ཤ་

གཟན་སེེམས་ཅན་ཟེར་ བ་རེད༌།

སེམས་ཅན་དང་ཟས་

7

Page 13: Metok

9

༄་།ཉིན་ཞིིག་རིི་བོོང་ཞིིག་རྩྭ་བཟའ་བར་ཡོང་དུས་ཙི་ཙིི་

ཞིིག་ཀྱང་རྩྭ་བཟས་ནས་བསྡད་ཡོད་པ་མཐོང་བ་རེད་ “རི་བོོང་

གིིས་ཝ་ཡེ་སེེམས་ཅན་ཁེྱད་ཀྱིིས་ངའིི་རྩྭ་བཟས་ནས་གང་བེྱད་ཀྱིི་

ཡོོད་” ཅེས་ བསྙད་བཀོད་པ་རེད་ “ཙི་ཙིིས་སེམས་ཅན་

མཇུུག་མ་ ཐུུང་ཐུུང་ རྣ་ཅོ་རིིང་པོོ་དེེའིིི་

ཧམ་པ་ ཚ་བ་ལ་བསམ་ནས་” ང་

སྐྱེས་ས་རི་ འདིིར་སྐྱེེས་

འཚར་ ས་རི ་

འདིིར་འཚར་ ང་རང་སྐྱེས་ས་ དང་འཚར་སའི་

རྩྭ་ཟ་མི་ཆོོག་པ་གང་ཡིན་ ཞེས་བཤད་པས་ རི་བོོང་གིིས་

སེམས་ཅན་འདི་གཟུགས་ང་ལས་ཆུང་ཡང་དེེ་འདྲའིི་ཁ་བདེ་བ་

ལ་བསམ་ནས་བྱས་ན་ཁྱེད་ཀྱིི་ཕ་

མ་སུ་ཡིན་ གང་

རི་བོོང་དང་ཙི་ཙིི་

8

Page 14: Metok

9

དུུ་ཡོད་ ཅེས་དྲིིས་པས་ཙི་ཙིིས་ “ངའི་ཕ་མ་དང་ཁྱོད་ཀྱིི་ཕ་མ་

གཉིས་སྤུུན་མཆེད་རེེད་ ཁོང་ཚོ་དེེ་རིིང་གླིིང་ག་གཏོང་བར་ཕྱིན་

སོང་ ང་འདིར་ཚང་སྲུུང་ནས་བསྡད་ཡོད་” ཅེས་བཤད་ གཏམ་དེ་

ཐོོས་འཕྲལ་རི་བོོང་དགའ་ཐག་ཆོད་ནས་ བྱས་ན་ང་གཉིས་སྤུུན་

མཆེད་རེེད་ ངེེད་གཉིས་མཉམ་དུ་རྩྭ་བཟའ་ཆོག་གམ་ “ཞེས་

དྲིིས་” ཙི་ཙིིའིིི་སེེེམས་ལ་དབྱར་ཁའི་རྩྭ་ནི་ག་ཚོད་ཟས་ཀྱང་

ག་ཚོད་སྐྱེེས་ཡོང་བ་ཡིན་ལ་མི་ལ་མི་དགོས་རྒྱག་རེས་ཟེར་

བ་ལྟར་འཆམ་པོ་བྱས་ནས་བསྡད་ན་སིྐྱད་པ་ཡོང་བསམས་ནས་

ཆོག་དང་ཆོག་ ཁྱེད་རྩྭ་ག་ཚོད་བཟས་ཀྱང་འགྲིག་ ཅེས་ལན་

བཏབ་ རི་བོོང་གིི་སེེེམས་སུ་ སེམས་ཅན་ཆུང་ཆུང་འདི་སེེམས་

རྒྱུད་བཟང་པོ་ཞིིག་རེད་འདུུག་བསམ་སྟེ་ཁོོང་གཉིས་མཉམ་

དུུ་རྩྭ་ཟ་བར་ཕྱིན་ དུུས་དེ་ནས་བཟུང་ཁོང་གཉིས་གྲོགས་པོ་

བསྒྲིིགས་པ་རེད༌།

Page 15: Metok

10 11

༄་།བུུ་མོ་ནོོར་སྒྲོོན་གྱིི་ཨ་མས་འབྲུ་མཛོད་ནས་རྒྱ་སྲན་

གཞོང་པ་གང་འཁྱེར་ནས་ཡོས་བརྔོ་བར་ཕྱིན་པ་རེད་ དེ་དུུས་ཐག་

ཅེས་ རྒྱ་སྲན་གཅིག་མར་ཟགས་པ་རེད་ ནོར་སྒྲོན་གྱིིས་རྒྱ་

སྲན་དེ་མོ་རང་གི་རྩེད་མོ་རྩེ་ཆས་འགྱིག་དམ་ནང་ས་བླུགས་

ནས་བཏབ་བཞག་པ་རེད་ རྒྱ་སྲན་དེ་ས་འོག་ལ་སྐྱིད་པོ་མ་

བྱུང་ འོན་ཀྱང་ནོར་སྒྲོན་གྱིིས་ཆུ་བླུགས་པར་བརྟེན་རྒྱ་སྲན་དེ་ཆུ་

རྒྱག་ཚད་འཐུུང་རྒྱུ་རག་པར་མ་ཟད་ཉི་མར་བཞག་ཙང་ཁོའིི་

གཟུགས་པོར་རང་བཞིན་གྱིིས་འགྱུར་བ་ཕྱིན་ནས་ ཁོ་ལ་ཡན་

ལག་ཆུུང་ཆུུང་ཞིག་སྐྱེས་པ་རེད་ ཡན་ལག་དེ་ལ་ཉིན་བཞིན་

ཆུུ་འཐུུང་རྒྱུ་རག་པ་དང་ཉི་དྲོོད་ངོོམས་པ་ཕོག་ཙང་ཆེ་རུ་ཕྱིན་

པ་རེད་ བྱས་ཙང་ཁོའིི་མུན་ནག་གི་སྡུག་བསྔལ་དེ་རིིམ་བཞིན་

ཡལ་ནས་ས་ངོས་སུ་ཐོན་ཐུུབ་པ་རེད་ ཉིན་ཞིིག་ནོར་སྒྲོན་

དགའ་ཐག་ཆོད་ནས་་ཨ་མ་མགྱོགས་པོ་ལྟོོས་དང་ ངས་བཏབ་

རྒྱ་སྲན་བཏབ་པ་

Page 16: Metok

10 11

པའི་རྒྱ་སྲན་སྐྱེས་ཡོང་གིི་འདུག་ ཅེས་བཤད་པ་རེད་ དེ་ནས་ཉིན་

བཞིན་མྱུ་གུུ་ཆེ་རུུ་ཆེ་རུུ་འགྲོ་གིི་ཡོོད་པ་རེད་ ནོར་སྒྲོན་གྱིིས་

ཨ་མ་ལ་ངའི་རྒྱ་སྲན་དེར་མེ་ཏོོག་ཤར་བ་དང་འབྲས་བུ་བཏགས་

ཐུུབ་ཀྱི་རེེད་པས་ཞེས་དྲིིས་ ཨ་མས་རང་གི་འགྱིིག་དམ་ཆུུང་

ཆུུང་ཡིིན་ཙང་ཡོང་གིི་མ་རེད་ དེ་ལས་ང་རང་ཚོའིི་ཚལ་ཞིིང་གིི་

ཟུུར་ཞིག་ལ་རྩ་སྤོས་རྒྱག་ཆོག་གིི་རེེེད་ ཅེས་བཤད་ དེ་རྗེེེས་

ཨ་མའི་རོོགས་རམ་འོག་ནོར་སྒྲོན་གྱིིས་རྒྱ་སྲན་དེ་ཚལ་ཞིིང་

གིི་ཟུར་ཞིག་ཏུུ་རྩ་སྤོས་བརྒྱབ་པ་རེད་ དེ་ནས་རིམ་བཞིན་སྡོང་

པོ་རྒྱས་པ་དང་མེ་ཏོོག་ཤར་བ་ ད་དུུང་འབྲས་བུུ་ཡག་པོ་བཏགས་

ཙང་བུུ་མོ་ནོར་སྒྲོན་ཧ་ཅང་དགའ་པོོ་བྱུང་བ་རེད༌།

Page 17: Metok

12

༄་།ལྕོང་མོ་ཆུུང་ཆུུང་ཁྱུུ་གཅིག་རང་གི་ཨ་མ་འཚོལ་དུ་

འགྲོ་ཡིི་ཡོད་ ཁོང་ཚོས་ཆུའི་ནང་གི་ཉ་དང་འབུུ་སྲིན་ཡོད་ཚད་

ལ་ ང་ཚོའིི་ཨ་མ་མཐོང་བྱུང་ངམ་ ཞེས་སྐད་ཆ་དྲི་བཞིིན་འགོྲ་

དུུས་ཁོང་ཚོའིི་མཇུག་མ་ཐུུང་དུུ་ཐུུང་དུུ་འགྲོ་བ་དང་རྐང་པ་ཆུུང་ཆུུང་

གཉིས་སྐྱེས་ཡོང་གིི་ཡོོད་ ཁོང་ཚོོས་ཉ་ཆེན་པོ་ཞིིག་ལ་ ང་

ཚོའིི་ཨ་མ་མཐོང་བྱུང་ངམ་ ཞེས་དྲིིས་དུུས་ཉ་དེས་ ཁྱེད་ཚོའིི་

ཨ་མ་སྐམ་སར་ཕྱིན་སོང་ ཞེས་ཤོད་སྐབས་ཆུ་ཁ་ནས་སྦལ་

པ་ཆེན་པོ་ཞིིག་གིིས་ ང་ཁྱོད་ཚོའིི་ཨ་མ་ཡིན་ མར་མཆོང་

ཤོོག་ ཅེེས་བཤད་ ལྕོང་མོ་ཆུང་ཆུང་ཚོ་ཕར་ལྟ་ཚུར་ལྟ་བྱེད་དུུས་

ཁོང་ཚོ་ནིི་རྐང་ལག་གཉིས་སྐྱེས་ཡོད་པའིི་སྦལ་པར་འགྱུར་ཚར་

ཡོད་པ་མཐོང་བས་ཡ་མཚན་ཆེན་པོས་ ཡ་ རང་གིི་མཇུུག་

མ་བསྡད་མི་འདུུག་ འོ་ཛིི་རང་ལ་རྐང་པ་སྐྱེས་བཞག་ ང་ལ་

ལག་པ་སྐྱེས་བཞག་ ཅེས་པའི་སྐད་སྒྲས་ཁེངས་སླར་ཡང་ ཨ་

ལྕོང་མོ་ཆུུང་ཆུུང་ཚོས་ཨ་མ་འཚོལ་བ་

Page 18: Metok

12

མ་འདིར་ཡོད་ ཡར་མཆོངས་ཤོག་ ཅེས་སྐད་བཏང་བས་ཁོང་

ཚོ ས ་མཆོ ང ས ་ཐེ ང ས ་

གཅིག་ལ་རང་གི་

ཨ་མ་ཡོད་སར་

ཕྱིན་ སྦལ་

པ་ཨ་མས་

ད་ངའི་ཕྲུུ་གུུ་ཚོ་ཆེེན་པོ་ཡག་པོ་ཆགས་

འདུག་ ཅེས་བཤད་དུུས་ སྦལ་ཕྲུུག་ཚོས་ ཨ་མ་ལགས་ ད་

ང་ཚོ་གྲོོད་ཁོག་ལྟོགས་ཀྱི་འདུུག་ ང་ཚོ་ཟས་གང་ཟ་དགོས་

སམ་ ཞེས་དྲིིས་ ཨ་མས་ འགྲོ་ ང་ཚོ་འགྲོ་ ཞིིང་ཁའི་

ནང་གི་འབུ་དང་དུག་སྦྲང་དེ་ཚོ་ང་ཚོའིི་ཟས་རེད་ ཅེས་བཤད་དེ་སྦལ་

ཕྲུུག་རྣམས་འཁྲིད་དེེ་ཞིིང་ཁའིི་ནང་ལ་ཕྱིན་སོང༌།

13

Page 19: Metok

15

ལག་རྟགས་

༄་།རོྨ་མཚོོ་མོོ་ལགས་དང་སོྤ་བཟོད་པ་ལགས་ཀིྱས་ཚ་མོ་

ལྷ་མོའིི་སྐྱེེས་སྐར་ལ་ལག་རྟགས་བིྱའུུ་ལྗང་ཁུུ་ཆུུང་ཆུུང་ཞིིག་

ཉོས་ཏེ་སྤྲད་པ་རེད་ ལྷ་མོས་མོ་ལ་ཉོས་པའི་ལག་རྟགས་

ཚང་མར་སྣང་མེད་ཐོག་བྱིིའུུ་དེེ་ལ་དགའ་སྣང་ཆེན་པོས་སྐར་མ་

གཅིག་ཀྱང་མ་བྲལ་བར་འཁྱེར་འགྲོ་ཡིི་ཡོོད་ དེའིི་རྗེེས་ཀྱིི་

ཉིིན་ཞིིག་ལ་ལྷ་མོའིི་ཕ་མ་གཉིས་ཀྱིིས་སྤང་ལྗོངས་

རྒྱ་ཆེན་པོ་ཞིིག་ཏུ་གླིང་ག་གཏོང་བར་འཁྲིད་པ་རེད་ དེ་དུུས་ལྷ་

མོས་བྱིིའུུ་དེེ་མཉམ་དུུ་འཁྲིད་དེེ་ ལྟོོ་སྤྲད་པ་

14

Page 20: Metok

15

དང་རྩེད་མོ་རྩེེད་པ་སོགས་བྱས་ཀྱང་བྱིའུུ་དེེས་དགའ་སྣང་ཙམ་

ཡང་བྱེད་ཀྱིི་མེེད་ གློ་བུུར་དུུ་ཤིང་ནགས་དཀྱིལ་ནས་བྱིའུུ་ཡིི་སྐད་

སྒྲ་བསྒྲགས་མ་ཐག་ལྷ་མོའིི་བྱིིའུུ་དེེས་ཀྱང་སྐད་བརྒྱབ་པ་དང་

འཕུར་རྩིས་བྱེད་པ་སོགས་བྱས་པས་ལྷ་མོས་བྱིིའུུ་དེེ་རླུང་ཙིའིི་

ནང་སྐྱིད་པོོ་མེེད་པ་ཤེས་ཏེ་ལྕགས་ཁྲའི་སྒོོ་ཕྱེེ་སྟེེ་བྱིིའུུ་ཆུུང་ཆུུང་དེ་

ཕྱིིར་གློད་པ་རེད་ བྱིའུུ་དེེས་ལྷ་མོར་ཐུགས་རྗེ་ཆེེ་ཞུུ་བའི་ཚབ་ཏུ་

བསྐོར་བ་ཞིག་བརྒྱབ་པ་དང་སྐད་སྙན་པོ་ཞིིག་རྒྱག་གིན་འཕུུར་

ཕྱིན་པ་རེད༌།

Page 21: Metok

17

སྦྲང་ནོར་བུ་ཆུུང་ཆུུང་

༄་།དཔྱིད་ཀའིི་ནམ་དུས་ཤིག་ལ་དཀར་པོ་ལིི་ཡིི་མེེ་ཏོོག་

ཟིིང་སྐྱང་ཁམ་བུའི་མེེ་ཏོོག་ ཟིང་དཀར་ཀུ་ཤུའི་མེེ་ཏོོག་སོགས་

ཤར་ནས་གང་སར་ཁྲ་ཆིལ་གུ་ཆིལ་རེད་ སྦྲང་ནོར་བུ་ཆུུང་ཆུུང་

ཞིག་བྲེལ་འཚུབ་ཆེན་པོས་མེ་ཏོོག་གིི་ཟེེའུུ་འབྲུུ་ལེན་པར་

ཡོང་སྐབས་ དཀར་པོ་ལིི་ཡིི་མེེ་ཏོོག་གིིས་ སྦྲང་ནོར་བུུ་ལགས་

འདིར་ཕེབས་ཤོག་ ང་ཚོར་ཟེའུུ་འབྲུུ་མང་པོ་ཡོོད་ ཅེས་སྐད་

བརྒྱབ་ ཡང་ཕར་ཙམ་ནས་ཟིང་སྐྱ་ཁམ་བུའི་མེེ་ཏོོག་གིིས་

སྦྲང་ནོར་བུ་ལགས་ ང་ཚོར་ཟེའུུ་འབྲུུ་མང་པོ་ཡོད་ མགོྱགས་

ཙམ་ཕེབས་ཤོག་ ཅེས་བཤད་ སྦྲང་ནོར་བུུ་ཆུུང་ཆུུང་

གིིས་ཕར་ལྟ་ཚུར་ལྟ་ཞིག་བྱས་

16

Page 22: Metok

17

ནས་ལོག་ཕྱིིན་ དེ་དུུས་མེ་ཏོོག་ཚང་མ་ཡ་མཚན་སྐྱེས་ནས་

ཁོའིི་རྗེེས་སུ་བལྟས་ཏེ་བསྡད་ གློོ་བུུར་དུུ་ད་གིན་གྱིི་སྦྲང་ནོར་བུུ་

ཆུུང་ཆུུང་དེས་སྦྲང་ནོར་བུུ་ཁྱུུ་གཅིག་འཁྲིད་ཡོང་ནས་མེ་ཏོོག་ཚང་

མའི་ཟེེའུ་འབྲུུ་བྲེེལ་འཚུབ་ངང་བསྡུ་བཞིན་གནས་སོ༌།

Page 23: Metok

རི་བོོང་གིིས་དགྲ་ཤ་བླངས་པ་

༄་།རི་བོོང་རྣ་རིང་གིིས་རང་གི་ཕྲུུ་གུུ་གཉིད་ཁུག་ཤུལ་དུ་རང་

ཉིད་ཟས་འཚོལ་དུུ་ཕྱིན་པ་རེེད་ དེའིི་རྗེེེས་སུུ་སྟག་ཁ་ཆེན་ཞིིག་

སླེབས་ནས་ངར་སྒྲ་སྒྲོག་དུུས་རི་ཕྲུུག་ཚང་མ་གཉིད་སད་ནས་ཞེད་

ཐག་ཆོད་ནས་འདར་གྱི་ཡོོད་པ་རེད་ སྟག་དེས་སྙིིང་རྗེེ་སྤུུ་ཙམ་

མེད་པར་རི་ཕྲུུག་ཚང་མ་བཟས་པ་རེད་ རི་བོོང་རྣ་རིིང་ལོག་

ཡོང་དུུས་རང་གི་ཕྲུུ་གུུ་ཚང་མ་བསྡད་མེད་པ་མཐོང་བ་དང་དེ་ནིི་

སྟག་ཁ་ཆེན་ཁོས་བཟས་པ་ཤེས་ནས་སྡུག་བསྔལ་ཆེན་པོས་

མནར་ནས་དྲན་པ་ཐོར་བ་རེད་ དེའིི་རྗེེེས་

སུ་རི་བོོང་གིིས་ཚེར་མའི་སྡོོང་པོ་དུུག་

མང་པོ་ཡོད་པའི་དཀྱིིལ་དུུ་ཚང་བཟོས་

18

Page 24: Metok

ནས་སླར་ཡང་རི་ཕྲུུག་གསུུམ་སྐྱེས་པ་རེད་ ཡང་རི་བོོང་རྣ་རིང་

ཟས་འཚོལ་དུ་ཕྱིན་ནས་ཚུུར་སླེབས་དུུས་རི་ཕྲུུག་ཚང་མ་སྟག་

ཁོས་བཟས་ཚར་བ་མཐོང་བས་ད་ནི་སེེམས༌སྡུག་བྱས་ཀྱང་

ཕན་ཐོགས་མི་འདུག་ དེ་ལས་སྟག་ཁོ་འདུལ་ཐབས་ཤིག་བྱེད་

དགོས་ སྙམ་ནས་བསམ་བློ་གང་ཙམ་བཏང་རྗེས་རིི་གཤམ་གིྱ་

གྲོོང་ཚོོའིི་མིི་ཚང་ཞིིག་ནས་བུ་རམ་ཏིང་དཔར་ཞིག་བརྐུས་ནས་

ལོག་ཡོང་བ་རེད་ ཉིན་ཞིིག་རིི་བོོང་གིིས་སྟག་ཁོ་རྒྱང་རིང་ནས་

ཡོང་བ་མཐོང་བས་མིག་ཡ་གཅིག་བཙུམ་པ་དང་མིག་ཡ་

གཅིག་གདངས་ནས་ཅི་ཞིིག་བཟའ་ཁུལ་བྱས་ནས་བསྡད་པ་

རེད་ སྟག་ཁོ་ཉེ་འགྲམ་སླེེབས་ནས་ ཁྱོད་ཀྱིིས་ག་རེ་བཟའ་ཡི་

ཡོོད་ ཅེས་དྲིིས་ རི་བོོང་གིིས་ ངས་ང་རང་གི་མིིག་རིིལ་བཀོག་

ནས་ཟ་གི་ཡོོད་ ཅེས་བཤད་ སྟག་གིས་ ཁྱོད་སྨྱོ་བ་རེད་ མིག་

རིིལ་བཀོག་ནས་བཟས་ན་མུན་ནག་གི་འཇིིག་རེྟན་ཞིིག་གིི་

19

Page 25: Metok

21

ནང་སྡོད་དགོས་ཤར་གྱི་རེེད་པ་ ཞེས་བཤད་ རི་བོོང་གིིས་ ཨ་ཕོ་

སྟག་ལགས་ མིག་རིིལ་བཀོག་ནས་བཟས་ན་ཧ་ཅང་ཞིམ་པོ་

འདུག་ མ་གཞི་ནས་དེ་རིིང་མིིག་རིིལ་བཀོག་ཀྱང་སང་ཉིན་སྐྱེས་

ཡོང་གིི་རེེེད་ ལས་སེ་ ཏོག་ཙམ་མཆོད་དང་ བྱས་ནས་བུ་རམ་

ཏོག་ཙམ་སྤྲད་པས་སྟག་དེ་ཞིིམ་ཐག་ཆོད་པ་རེད་ ཞིམ་པོ་

འདུུག་ གལ་ཏེ་སང་ཉིན་མིིག་རིིལ་སྐྱེས་ཡོང་གིི་ཡོོད་ན་ངའི་

མིིག་རིིལ་དེ་ཡང་བཀོག་དང་ ཞེས་བཤད་ རི་བོོང་གིིས་ད་ནི་གོོ་

སྐབས་རག་སོང་བསམས་ནས་སྟག་གི་མིིག་རིིལ་དེ་བཀོག་ནས་

ཡང་སྐྱར་བུུ་རམ་རྡོག་ཙམ་ཞིག་སྤྲད་ སྟག་ནི་ཞིིམ་ཐག་ཆོད་

ནས་ལྕེ་ལྡག་རྒྱག་གིན་ཁྱོད་ཀྱིི་མིིག་རིིལ་ལས་ངའི་མིིག་རིིལ་

ཟ་ཤེད་ཆེ་བ་འདུག་ ངའི་མིིག་རིིལ་ཡ་གཅིག་དེ་ཡང་བཀོག་

ནས་སྤྲོད་དང་ ད་དུུང་སང་ཉིན་བར་ཁྱོད་ཀྱིི་ང་ལ་ལམ་སྣེ་སྟོོན་

དགོས་ ཞེས་སྨྲས་ རི་བོོང་གིིས་སྟག་ཁ་ཆེན་ཁོའིི་མིིག་རིིལ་

20

Page 26: Metok

21

ཡ་གཅིག་དེ་ཡང་བཀོག་ནས་ཁོ་པའིི་མིིག་རིིལ་དེ་ཁོ་པའིི་

ཁའིི་ནང་སྤྲད་པ་རེད་ མིག་རིིལ་དེ་ཞིིམ་ཚད་གང་ཡང་མ་བྱུང་

ཨ་ཁ་ དེ་མ་བཀོག་ནའི་ཡོོང་བ་ཡོད་ ཨ་ཚ་ཚ་ཚ་ ད་

ཁྱོད་ཀྱིིས་ངའིི་ལམ་སྣེ་སྟོོན་དགོས་ ཞེས་བཤད་ རི་བོོང་གིིས་ཁོ་རིི་

མཐོན་པོ་ཞིིག་གིི་སྒང་ལ་འཁྲིད་ནས་ཕྱིན་ རིའིི་སྟེེང་ལ་རླུང་བུ་

ཚ་པོ་ཡོད་པས་རི་བོོང་གིིས་མེ་བཏང་ སྟག་ཁ་ཆེན་ཁོ་གཡང་

ཡོད་ས་དེར་བཞག་པ་དང་རི་བོོང་གིིས་མེ་ཤུགས་ཆེན་པོ་བུུད་ནས་

ཨ་ཕོ་སྟག་ཁྱེད་རང་ཕར་ཙམ་མ་ཕྱིན་ན་སྤུུ་གྲ་ཡག་པ་

ཚང་མ་མེས་འཚིག་འགྲོ་བ་འདུུག་ ཅེས་སྨྲས་ སྟག་ཁོ་ཕར་

ཙམ་ཤིིག་ སླར་ཡང་རི་བོོང་གིིས་དེེ་ལྟར་སྨྲས་པས་སྟག་ཁ་ཆེན་

ཁོ་གཡང་ནས་ཟགས་ཏེ་ཤིི་བ་རེད་ དེ་ནས་རི་བོོང་རྣ་རིང་གིིས་

ཚང་གསར་པ་ཞིག་བཟོས་པ་དང་སླར་ཡང་རི་ཕྲུག་གསུམ་སྐྱེས་

ནས་ཁོང་ཚོ་དགའ་སྐྱིད་ལྡན་པའི་ངང་འཚོ་བ་བསྐྱལ་བ་རེད༌།

Page 27: Metok

བྱ་ཕོ་བླ་སིལ་ ༼ཕ་ཡུལ་ནང་ཐོན་༽

༄་།ཉིན་ཞིིག་བྱ་མོ་བསོད་ནམས་སྒྲོལ་མས་རང་གི་བྱ་

ཕྲུུག་རྣམས་འཁྲིད་དེེ་སྦྱིིན་བདག་གི་སྒོོ་རྭ་

དང་བ་ཚང་ནང་ལ་གཅིག་ནས་བྱ་ཕྲུུག་

ཚོར་ལྟོ་འཚོལ་སྟངས་སློབ་པ་དང་གཉིས་

ནས་ཁོ་ཚོའིི་རྩལ་ལག་ཡར་རྒྱས་འགྲོ་ཐབས་བྱེད་

བཞིན་ཡོད་པ་རེད་ སྐབས་དེར་བྱ་ཕོ་བླ་སིིལ་དེར་ཡོང་

ནས་ཀོ་ཏའིི་ཀོོ་ཀོོ་ ཨ་ཅག་བསོད་ནམས་སྒྲོལ་མ་ ཐོག་སྐོར་

ལ་འགྲོ་འམ་ ཞེས་སྐེ་རིིང་བརྐྱངས་ཏེ་སྨྲས་ བྱ་མོ་བསོད་ནམས་

སྒྲོལ་མས་ མིན་མིིན་ཀོག་ཀོག་ ང་ལ་ཕྲུུ་གུུ་འཁྲིད་རྒྱུ་ཡོད་

དོོ་ཀོོག་ཀོག་ དགྲ་ཇག་གཅན་གཟན་ལ་ཞེད་ཀྱིི་འདུུག་གོ་

ཀོག་ཀོག་ཅེས་བཤད༌ ཡང་བྱ་

ཕོས་ ཕོ་ཁྱོོ་ག་ང་ཡོད་

པས་ཀོག་ཀོག་ དགྲ་

22

Page 28: Metok

ཇག་གཅན་གཟན་ལ་ཞེད་མིིི་དགོོས་ཀོག་ཀོག་ ཅེས་ཨུུ་

ཚུུགས་བརྒྱབ་ནས་འཁྲིད་ཕྱིིན་ ཁོང་ཚོ་ཐོོག་ཁར་སླེབས་སྐབས་

བྱ་མོ་བསོད་ནམས་སྒྲོལ་མ་ནི་སྦྱིིན་བདག་གིས་མོ་ལ་བྱ་

ཕྲུུག་བསྙལ་བ་ནས་བཟུང་ཐོག་ཁར་འཆམ་འཆམ་ལ་ཁྱོན་

ནས་འགྲོ་རྒྱུ་མ་བྱུང་བས་ཁྱུག་ཙམ་རིང་ཧ་ཅང་གུ་ཡངས་ཀྱི་

སྣང་བ་ཞིག་བྱུང་ དེ་ནས་གང་ཙམ་སོང་རྗེེས་གློ་བུུར་དུུ་མཁའ་

དབྱིངས་སུ་བྱ་པིང་སྐྱུར་ཞིག་ལྡིིང་སྐོོར་བྱེེད་བཞིིན་ཡོད་པ་བྱ་མོས་

མཐོང་བ་དང་སྦྲགས་དེ་ནིི་ངའིི་ཕྲུུ་གུུར་བར་ཆད་གཏོང་བར་སླེབས་

སོང་བསམས་ནས་སྐད་ཤུགས་ཆེན་པོས་ ཀོ་ཀོོ་ཀོོ་ དགྲ་ཡོང་

གིི་འདུུག་ ངང་སེར་དང་ཁྲ་ཆུུང་མགྱོགས་པོ་ཚུར་ཤོག་ ནག་ཁྲ་

འདིར་ཉོལ་ དཀར་ཆུུང་དང་མཛེས་ཆུུང་འདིིར་ཉོལ་ ཞེས་ཕྲུུ་གུུ་

རྣམས་རང་གི་བྲང་འོག་དང་གཤོག་པའི་འོོག་ཏུུ་བྲེལ་འཚུབ་ངང་

རུབ་རུུབ་བཟོས་ནས་སྲུུང་སྐྱོབ་བྱེད་བཞིིན་ཡོད་པའིི་སྐབས་ ཕར་

23

Page 29: Metok

ཕྱོགས་དེར་བྱ་ཕོ་བླ་སིིལ་སྐྲག་ཐག་ཆོད་ནས་ ཨ་ཅག་བསོད་

ནམས་སྒྲོལ་མ་ ཀོ་ཀོོ་ཀོོ་ ངའིི་ མཇུག་མ་མཐོང་

གིི་འདུུག་གམ་ ཞེས་སྐད་བརྒྱབས་

པས་གཅིག་ལྟ་དུུས་བྱ་ཕོ་བླ་སིིལ་

ནིི་བྱ་ཁྲ་ཧོར་པ་སླེབས་སོང་བསམས་

ནས་ཐོག་ཁའི་ཆུ་འགྲོའིི་ཨིི་ཁུང་ནང་གབ་ནས་བསྡད་ཡོད་པ་

རེད་ བྱེད་སྟངས་དེར་བྱ་མོ་བསོད་ནམས་སྒྲོལ་མ་ཁོང་ཁྲོ་ལངས་

ནས་ང་དང་བྱ་ཕྲུུག་ཚོར་ཉེན་ཁ་ཆེན་པོ་འདིི་འདྲ་བྱུུང་

བར་ཁོ་པས་སྐྱོབ་རོགས་ཡོང་རྒྱུ་ཕར་བཞག་ ད་དུུང་ཨི་ཁུང་

ནང་འཛུལ་ནས་མཇུུག་མ་ཕྱིར་ལུུས་མེད་དམ་སྙམ་པའི་དངངས་

སྐྲག་ བྱེད་ཀྱིི་འདུུག་བསམས་ནས་ ཕོ་ཁྱོོ་གའིི་

ལྟས་ངན་རེད་ ཀོ་ཀོོ་ཀོོ་ ཕོ་ཁྱོོ་

གའིི་ཞབས་འདྲེན་རེད་ ཀོ་ཀོོ་ཀོོ་ ཞེས་

24

Page 30: Metok

ཤོད་ཀྱིིན་དགྲ་བོ་བྱ་ཆེན་དེ་ལ་འགོག་རྒོལ་གང་འདྲ་བྱེད་དགོས་

མིིན་མནོ་བསམ་གཏོང་བཞིིན་ནམ་མཁར་བལྟས་པས་བྱ་

པིིང་སྐྱུར་ནི་མཐོང་སར་བསྡད་མེད་པར་ཐག་རིང་དུུ་ཕྱིིན་ཟིིན་པས་

སེམས་པ་ལྷོད་དུུ་བབས་ཐུབ་པ་བྱུང་བ་རེད་ དེ་ནས་བཟུང་བྱ་མོ་

བསོད་ནམས་སྒྲོལ་མས་བྱ་ཕོ་བླ་སིིལ་ལ་ཁ་ཡ་བྱེད་ཀྱིི་མེེད་

པར་མ་ཟད་གནས་ཚུུལ་དེ་དག་བྱ་མོ་གཞན་ཚརོ་ཡང་འགྲལེ་

བཤད་བྱས་པས་བྱ་ཕོ་བླ་སིིལ་ངོ་ཚའིི་ངང་གནས་དགོས་བྱུང་བ་

རེད༌།

25

Page 31: Metok

27

༄་།བྱིིིའུུ་ཏིིང་ཏིིང་སྒྲོལ་མ་ཉིན་ཞིིག་ཆུུ་

འཐུང་བར་འགྲོ་སྐབས་སྦལ་པ་ཁ་ཆེན་ཞིིག་

ཐུག་པ་རེད་ སྦལ་པས་ཁྱེད་ཀྱིི་རིིིགས་གང་

ཡིན་ ཞེས་དྲིིས་པས་ བྱིའུུས་ ང་ནི་གནམ་

ལ་འཕུར་མཁན་གྱི་རིིགས་ཡིན་ ཞེས་བརྗོད་པ་

རེད་ སྦལ་པས་བྱས་ན་ཁྱོད་ཀྱིིས་ཆུུའི་ནང་ལ་

འཛུུལ་ཐུུབ་བམ་ ཞེས་དྲིིས་ བྱིའུུས་ མི་ཐུབ་རྩ་བ་ནས་མི་

ཐུབ་ སྦལ་པས་ ཧ་ཧ་ ང་ནི་ཆུུ་དང་སྐམ་

ས་གཉིས་ཀར་འགྲོ་ཐུུབ་མཁན་གྱི་

སྲོོག་ཆགས་ཤིག་ཡིན་པས་ཁྱོད་ཀྱིིས་

ང་ལ་གུས་ཞབས་

གུས་ཞབས་བྱེད་པ་

26

Page 32: Metok

27

བྱེད་དགོས་ ཞེས་བཤད་ བྱིིིའུུས་ མི་འགྲིིག་པ་མེད་ ངས་ཁྱེད་

ལ་གུས་ཞབས་བྱེེད་ཀྱིི་ཡིིན་ ཁྱེད་ངའིི་ཚང་ལ་ཞལ་ལག་ལ་

གདན་འདྲེན་ཞུ་ཡི་ཡིིན་ ཕེབས་རོགས་ ཞེས་ཞུས་ སྦལ་པས་

ཁྱེད་ཀྱིི་ཚང་གང་དུུ་ཡོད་ བྱིིའུུས་ ངའི་ཚང་ལ་ཕ་གིའིི་རྒྱབ་ལ་

ཡོད་ སྦལ་པས་ བྱས་ན་ང་འགྲོ་མིི་ཐུབ་ བྱིའུུས་ཁྱེད་ང་མཉམ་

དུུ་འཕུུར་ནས་ཕེབས་རོགས་ སྦལ་པས་ མི་ཐུབ་ངས་འཕུུར་མི་

ཐུུབ་ བྱིའུུས་ བྱས་ན་ཁྱེད་ཀྱིིས་སྐམ་ས་ནས་སྒོམ་པ་བསྐྱོན་

ཏེ་ཕེེབས་རོགས་ སྦལ་པས་ ལམ་ཐག་རིང་པོོ་འདིི་འདྲར་ངས་

མཆོངས་རྒྱག་རྒྱག་གིན་ཕྱིིན་ན་མང་པོ་འགོར་བས་མ་ཚད་

དེའིི་རིིིང་ནམ་མཁའི་བྱ་ཆེན་ཚོས་ང་བཟས་ཚར་གྱིི་རེེེད་ ཅེས་

བཤད་ བྱིའུུས་ ཁྱོད་ལ་དེ་ལྟར་འགྲོོ་ཐུུབ་པའི་ནུས་པ་མེད་ན་ང་

ལ་ཡང་གུས་ཞབས་བྱེད་དགོས་ སྦལ་པས་ མི་འགྲིིག་པ་མེད་

བྱིིའུུས་ ངེད་གཉིས་ཕན་ཚུན་གུས་ཞབས་བྱེད་པས་མི་ཚད་སྲོག་

Page 33: Metok

28

ཆགས་གཞན་ཚོར་ཡང་གུས་ཞབས་བྱེད་དགོས་ སྦལ་པས་ སྲོག་

ཆགས་གཞན་ཚང་མ་ཕན་ཚུན་གུུས་ཞབས་བྱེད་འཇུག་དགོས་

ཞེས་བཤད་པས་བྱིའུུ་ཡང་མོས་པོ་བྱུང་ དེ་ནས་ཁོང་གཉིས་ཡ་

རབས་གུས་ཞབས་ལྡན་པའི་གྲོོགས་པོར་གྱུར་པ་རེད༌།

Page 34: Metok

28

༄་།སྔོན་ནགས་ཆལ་གྱིས་ཡོང་སུ་བསྐོར་བའི་ཡུལ་ལྗོང་སྐྱིིད་

སྣང་དོད་པོ་ཞིིག་ན་ རྔ་མོང་ཞིིག་དང་ར་ཞིག་སྡོད་ཀྱིི་ཡོོད་ ཉིིན་

གཅིག་ཁོང་གཉིས་རྩྭ་བཟའ་བར་འགྲོ་དུུས་ཤིང་སྡོོང་ཆེན་པོ་

ཞིིག་ལ་ལོ་མ་ལྗང་ཐིང་ཐིིང་སྐྱེེས་ཡོད་པ་མཐོང་དུས་ར་རྒན་དེ་

ལོ་མ་ཟ་འདོད་ཆེན་པོ་སྐྱེེས་ནས་སྡོང་པོོར་གཟུགས་པོ་འཁྱུད་

ནས་ཟ་བར་བརྩོན་ཀྱང་ཟ་ཐུུབ་ཀྱི་མེེད་པ་རེད་ འཁྲིས་དེེར་ཡོད་

པའིི་རྔ་མོང་གིིས་རྒད་མོ་ཆེེན་པོ་ཞིིག་ཤོར་བ་དང་མགོ་ཡར་

བཀྱག་ཙམ་བྱས་ནས་ཤིང་ལོ་ཞིིམ་མདོག་ཁ་པོས་བཟས་པ་

རེད་ རྔ་མོང་གིིས་ར་རྒན་ལ་ལྟ་ཙམ་བྱས་ནས་ གཟུགས་པོ་

ཆེེན་པོ་ཡོོད་ན་ཡག་པོ་གང་འདྲ་མི་འདུག་གམ་ ཞེས་བཤད་

པ་རེད་ ར་རྒན་གྱིས་ལན་གང་ཡང་མ་བརྒྱབ་པར་ཁུུ་སིམ་

མིར་མདུུན་ལ་ཕྱིན་པ་རེད་ ཉིན་ཞིིག་ཁོོང་གཉིས་རྩྭ་ཟ་བར་

འགྲོ་དུུས་རྭ་བ་ཆེན་པོ་ཞིིག་ནང་རྩྭ་ལྗང་ཐིང་ཐིིང་སྐྱེེས་ཡོད་པ་

29

རྔ་མོང་དང་ར་ ༼བཅོས་བསྒྲིགས་བྱས་པའི་སྒྲུང་༽

Page 35: Metok

30 31

མཐོང་བས་རྔ་མོང་གིིས་སྐེ་བརྐྱངས་ནས་རྭ་བའི་ནང་སྙབས་ཐབས་

བྱས་ཀྱང་རྭ་བ་མཐོ་པོོ་ཡོོད་ཙང་གང་ཡང་བྱེད་རྒྱུ་མ་རག་པ་

རེད་ ར་རྒན་གིྱས་ཕར་ལྟ་ཚུར་ལྟ་ཞིག་བྱས་ནས་རྭ་བ་དེར་ཤིིང་

སྒོའིི་འོོག་ལ་ར་རྒན་མཐར་ཙམ་གྱི་ཁུུང་བུུ་ཞིག་ཡོད་པས་

ར་རྒན་གྱིས་ཁུུང་བུུ་དེའིི་ནང་འཛུལ་ནས་རྩྭ་ཞིམ་མདོག་ཁ་

པོས་བཟས་པ་རེད་ རྔ་མོང་གིིས་གྲུུ་མོ་བཙུགས་ནས་ནང་ལ་

འཛུལ་ཐབས་བྱས་ཀྱང་མ་ཐར་ དེ་རྗེེས་ར་རྒན་གྱིས་རྩྭ་ཁ་གང་

བརྒྱངས་ནས་ཟ་གིན་ གཟུུགས་པོ་ཆུང་ན་ཡག་པོ་གང་འདྲ་མི་

འདུུག་གམ་ ཞེས་བཤད་ཀྱང་རྔ་མོང་གིིས་ལན་གང་ཡང་མ་སྤྲད་

བློ་ཕམ་པ་ཞིག་ལ་ཁོང་གཉིས་པོ་སུས་ཀྱང་གཞན་གྱི་དགེ་

མཚན་ལ་ཁས་ལེན་བེྱད་ཀྱིི་མེེད་ དེ་ནས་ཉི་མ་ཕིྱ་པོོ་ཆགས་

པ་དང་ས་རུབ་ ཁོང་གཉིས་ལྗོན་ཤིིང་ཞིིག་གིི་འོོག་ལ་ལྡད་རྒྱག་

གིན་ཉལ་སྡོད་སྐབས་རྐུུན་བུུ་མི་གསུམ་སླེབས་ ཁོང་ཚོས་ རྔ་

Page 36: Metok

30 31

མོང་དང་ར་རྒན་དེ་ང་ཚོར་ཕན་ཐོགས་ཆེན་པོ་འདུག་ རྔ་མོང་དེེ་

ང་ཚོའིི་ཅ་དངོས་འཁྱེར་མཁན་དང་ར་རྒན་དེ་དོོ་ནུབ་ང་ཚོའིི་ཞལ་

ཟས་བྱས་ན་ཏག་ཏག་རེད་ ཅེས་བཤད་ནས་ཁོང་གཉིས་ཟིིན་

པར་ཡོང་དུུས་རྔ་མོང་གཟུགས་པོ་ཁོོབས་ཏོ་ཡིིན་པས་ལམ་

སེང་ཟིིན་སྟབས་ར་རྒན་གྱིས་ཤུུགས་གང་ཡོད་ཀྱིིས་བརྡུངས་པས་

རྐུུན་མ་དེ་ལྟག་དགྱེ་ལོག་ རྐུུན་བུུ་གཞན་དེ་གཉིིས་ཀྱིིས་ཁོ་

ཡར་བསླང་ཤུུལ་དུུ་ཁོང་གཉིས་གར་སོང་ཆ་མེད་དུ་བྲོས་ རྐུུན་

མ་རྣམས་མུུན་ནག་ནང་ཚང་ཚིིང་དཀྱིིལ་དུུ་འགྲོ་མ་ཐུབ་པས་

གཡུག་བཞག་དགོས་བྱུང་ ཕྱི་ཉིིན་རྔ་མོང་གིིས་ར་རྒན་ལ་

ཝའི་གྲོོགས་པོ་ ད་ང་གཉིས་ཐར་འདུག་ག་ རྩྭ་ཞིག་ཟ་བར་

འགྲོ་འམ་ཞེས་དྲིིས་ ཁོང་གཉིས་ཡང་ལྗོན་ཤིིང་ཞིིག་གིི་འོོག་ལ་

སླེབས་ རྔ་མོང་གིིས་སྐེ་བརྐྱངས་ཏེ་ཤིིང་ལོ་གང་མང་སོས་བཅད་

དེ་ས་ལ་གཡུགས་ རྭ་རྒན་དགའ་པོ་བྱུང་སྟེ་ གཟུུགས་པོ་ཆེེ་

Page 37: Metok

32 33

ན་དངོས་གནས་ཡག་པོ་འདུག་ ཅེས་བཤད་ ཁོང་གཉིས་ཤིིང་ལོ་

རྒྱག་ཚད་བཟས་ཏེ་བསྡད་ ཡང་ཉིན་ཞིིག་རྭ་བའི་ནང་གི་རྩྭ་

སྔོན་ཡོད་སར་སླེབས་པས་ར་རྒན་གྱིས་ཤིིང་སྒོོའིི་འོོག་ནས་འཛུུལ་

ཡང་རྔ་མོང་འཛུལ་མི་ཐུབ་པས་ར་རྒན་གྱིས་ཤིིང་སྒོོ་དེེར་ཐེངས་

ཁ་ཤས་བརྡུངས་ནས་ཤིང་སྒོ་དེེ་བཅག་པ་དང་ཁོང་གཉིས་པོ་རྩྭ་

རྒྱག་ཚད་བཟའ་རྒྱུ་བྱུུང་ རྔ་མོང་གིིས་ གཟུགས་པོ་ཆུུང་ནའང་

དེ་ལ་དཔག་པའི་ནུས་པ་ཡག་པོ་འདུུག་ ཅེས་བསྔགས་བརྗོད་བྱས་

སོ༌།

Page 38: Metok

32 33

༄་།གནའ་སྔ་མོ་བྱིིའུུ་ཞིིག་དང་སྦལ་པ་ ཙི་ཙིི་ཞིིིག་བཅས་

གྲོགས་པོ་བསྒྲིིགས་པ་རེད་ ཉིན་གཅིག་ཁོང་ཚོ་འཆམ་འཆམ་

དུུ་འགྲོ་སྐབས་ལམ་ནས་ཁོང་ཚོར་དངོས་པོ་ཆེེན་པོ་ཞིིག་རྙེད་པ་

རེད་ ཁོང་ཚོས་ཕར་ལྟ་ཚུར་ལྟ་ག་ཚོད་བྱས་ཀྱང་སུུ་ཡང་མེད་

པས་ཅ་ལག་ག་རེ་ཡོད་མེད་བལྟས་པ་རེད་ དེའིི་ནང་གསེར་དང་

དངུུལ་ གཡུུ་ བྱུུ་རུུ་ མུུ་ཏིག་སོགས་ཅ་ལག་རྩ་ཆེན་མང་པོ་

ཡོད་པ་རེད་ དེ་མ་ཐག་ཁོང་ཚོ་དགའ་ཐག་ཆོད་ནས་ དེ་ཚོ་ང་ཚོར་

བདག་པ་རེད་ འཁྱེར་འགྲོ་ ཞེས་བཤད་ནས་ཐག་པ་རེ་རེེ་བརྒྱབ་

ནས་འཐེན་པ་རེད་ བྱིའུུ་ཡིིས་ལྕང་གླིང་གྲུུ་བཞིིའིིི་ནང་ལ་ཤུགས་

གང་ཡོད་ཀྱིིས་འཐེན་པ་དང་ ཙི་ཙིིས་རང་གི་ཙིིག་ཁུུང་ཡོད་སར་

འཐེན་ སྦལ་པས་རང་གི་ཆུུ་འགྲམ་གྱི་ཚང་དུུ་འཐེན་གྱིི་ཡོོད་

པ་རེད་ ཁོང་ཚོས་ཤུགས་ག་ཚོད་བརྒྱབ་ཀྱང་དངོས་པོར་འགུལ་

བསྐྱོད་གཅིག་ཀྱང་གཏོང་ཐུུབ་ཀྱི་མེེད་པའི་སྐབས་དེར་གྲོག་མ་

གྲོགས་པོ་གསུམ་དང་གྲོག་མ་ ༼བཅོས་བསྒྲིགས་བྱས་པའི་སྒྲུང་༽

Page 39: Metok

34 35

ཁྱུུ་གཅིག་སླེབས་པ་རེད་ གྲོག་མའི་དཔོོན་པོ་དེེས་ གྲོགས་པོ་

ཚོོ་ ཁྱེད་ཚོས་འཐེན་སྟངས་ཤེས་མིི་འདུག་ ལྟོས་ཨ་ ང་ཚོས་

བསླབ་ཆོག་ ཅེས་བཤད་ གྲོགས་པོ་གསུམ་པོ་བལྟས་ནས་སྡོད་

སྐབས་གྲོག་མ་ཁྱུ་དེས་ཐག་པ་རེ་རེེ་བརྒྱབ་ནས་དངོས་པོ་དེེ་ཡང་

མདོག་ཁ་པོས་གྲོག་ཚང་བར་འཐེན་པ་མ་ཟད་ཡང་གྲོག་མ་

བཅུུ་ཤགོ་ར་ེབྱས་ནས་ཅ་ལག་ད་ེཚོོ་གྲོོག་ཚང་ནང་འཁྱུག་ཙམ་

ཞིག་ལ་དབོར་ནས་གྲོགས་པོ་གསུམ་པོར་གང་ཡང་མ་རག་པ་

རེད༌།

Page 40: Metok

34 35

༄་།གནའ་སྔ་མོ་ལུང་པ་ཞིག་གིི་ཕུུ་ལ་བྱ་ཀྲ་རིལ་དང་ལྷ་བྱ་གོང་

མོ་ དགོ་བ་བླ་དཀར་བཅས་གསུམ་ཐག་མི་རིིང་བའིི་ས་ན་རང་

རང་ཟས་འཚོལ་བཞིན་གནས་ཡོད་ སྐབས་དེར་ལྷ་བྱ་གོང་མོས་

དགའ་ལ་དགའ་ལ་ སྤང་ཤ་རམ་བུ་ལག་ཉ་ཙམ་ཞིག་རྙེད་

བྱུང་ རྙེད་བྱུང་ ཞེས་སྐད་བརྒྱབ་ དེ་དུུས་དགོ་བ་བླ་དཀར་མྱུར་དུུ་

ཡོང་ནས་ བགོས་ཤིིག་ བགོས་ཤིིག་ ཅེས་མིག་ཆེ་ཙམ་ཞིག་

ལྷ་བྱ་གོང་མོར་བལྟས་ནས་བསྡད་ གོང་མོས་ཁ་མ་གྲགས་པའི་

སྔོོན་ལ་ཀྲ་རིལ་ཡོང་ནས་ སྤྲོས་བྲལ་ སྤྲོས་བྲལ་ ཞེས་བགོ་

བཤའ་བྱེད་མིི་ཉན་པའི་གོོ་བརྡ་སྤྲད་ དེ་དུུས་ལྷ་བྱ་གོང་མོ་གང་

ཞིག་བྱ་དགོས་མིིན་མིི་ཤེེེས་པར་ཟས་དེ་ལ་ཕར་གསེག་སློག་

ནས་བལྟས་ ཡང་ཚུར་གསེག་སློག་ནས་ལྟ་བཞིན་པའི་སྐབས་རི་

བྱ་སླེབས་ནས་ བཏུབ་སྟེ་བཟོ་བཏུབ་སྟེ་བཟོ་ ཞེས་སྨྲས་ གོང་

མོ་ཟས་རྙེད་པའི་དགའ་སྣང་དང་བྱ་ཁ་མང་བ་ཚོའིི་གཏམ་ལ་

སྤང་ཤ་རམ་བུུ་

Page 41: Metok

36 37

འཁྲུུལ་ཏེ་གང་བྱེད་སྙམ་པའི་སྐབས་ཁྲུང་ཁྲུང་ཞིིག་སླེབས་ ཁོས་

གོ་དོོན་རྟོགས་རྗེས་ ངས་སྲུུང་ཆོག་ ངས་སྲུུང་ཆོག་ ཅེས་བཤད་ ལྷ་

བྱ་གོང་མོ་བཏུབ་བྱེད་ཀྱིི་ལག་ཆ་རྣོ་ཅན་ཞིག་འཚོལ་དུ་འགྲོ་

ཤུལ་ཁྲུུང་ཁྲུུང་གིས་སྤང་ཤ་རམ་བུ་འཁྱེར་ཏེ་བྲོོས་ཕྱིིན་ འོན་

ཀྱང་བྱ་ཆེན་ཚོས་ཁྲུང་ཁྲུུང་གིས་དྲང་པོ་མ་བྱས་པར་མཐོང་ནས་

རྗེས་འདེད་བཏང་མཐར་འཇུུ་བཟུུང་བྱས་ནས་བྱ་རྒྱལ་ལ་རྩིས་

སྤྲད་ བྱ་རྒྱལ་གྱིས་ ཁྲུུང་ཁྲུུང་སེམས་དཀར་ལུུས་དཀར་ཡིན་པ་

ལས་ད་ནི་ནག་པོར་སྒྱུར་ཞེས་བརྗོད་ ཁྲུུང་ཁྲུུང་གིིས་ཞུུ་བ་ལན་

མང་ཕུལ་བར་བརེྟན་ཉེས་པ་ཆག་ཡང་བཏང་སྟེ་མཇུུག་མ་དང་

སྐེ་ནག་པོར་སྒྱུར་བཅུག་གོ༌།

Page 42: Metok

36 37

༄་།གནའ་སྔ་མོ་ཡུལ་ཀ་ཤི་མཛེས་ཀའི་སྤྲེའུུ་ཡི་རྒྱལ་

པོ་ཆེན་པོ་དེས་རང་ཡུལ་སྔར་ལས་སྟོབས་འབྱོར་མངའ་ཐང་རྒྱས་

པའི་ཆེེད་བློན་པོ་ཤེེས་རྩལ་ཅན་ཁག་གཅིག་བསྐོ་བཞག་བྱ་

རྒྱུའི་འཆར་གཞི་ཡོོད་པ་རེད་ འོན་ཀྱང་ཡུལ་དེར་ཤེས་རྩལ་

འཛོམས་པའི་སྤྲེེའུུ་མེད་པས་རྒྱལ་པོས་ཡུལ་དེའིི་སྤྲེེའུུ་ཚོགས་

ལ་རང་རང་གི་སྤྲེེལ་ཕྲུག་རྣམས་ཡུལ་ལྷ་གཤོངས་སུ་ཤེས་

རྩལ་སྦྱོང་བར་གཏོང་དགོས་པའི་བཀའ་བཏང་བ་དང་དེའིི་འགྲོ་

གྲོན་ཚང་མ་སྤྲེལ་རྒྱལ་རང་གི་བང་མཛོད་ནས་གཏོང་རྒྱུའིི་ཐག་

གཅོད་གནང་ དེ་ནས་སྤྲེའུུའིི་ཕ་མ་ཚང་མས་རང་རང་གི་སྤྲེེལ་

ཕྲུུག་རྣམས་ཤེས་རྩལ་སྦྱོང་བར་ཡུལ་ལྷ་གཤོངས་སུུ་བཏང་བས་

ཐོག་མར་ཁོང་ཚོ་སྒྲིིག་སྲོལ་དུུ་མར་བརྩི་འཇོག་ཞུུ་དགོས་པས་

དཀའ་ངལ་མང་པོ་བྱུང་ཡང་རྒྱལ་པོའིི་བཀའ་དང་ཕ་མའི་རེེ་བ་

རང་གི་མདུན་ལམ་སོགས་ཡིན་པས་མ་སྡོད་རང་སྡོད་བྱུང་བ་རེད་

ཤེས་རྩལ་སྦྱོང་བ་

Page 43: Metok

38

ཁོང་ཚོས་སྦྱོང་རྒྱུའིི་ཤེེེས་བྱ་ཁག་ནི་ ཤིིང་འཛེགས་ འཇབ་བསྐྱོད༌

ཁྱི་ཡིི་རྫིི་བསྣོམས་ སྟག་གི་རྫིིག་རྔམས་ རྟ་ཡི་རྒྱུགས་རྩལ་

ཞི་མིིའིིི་འགྲོ་སྟངས་ འཛམ་གླིང་སྲོོག་ཆགས་རིག་པ་ འཛུུགས་

བསྐྲུན་ལས་རིགས་ དུུས་བཞིའིི་འགྱུར་འགྲོས་ཀྱིི་གནམ་གཤིས་

རིིག་པ་ རྩི་ཤིིང་འདེབས་འཛུགས་ཀྱི་ཚན་རྩལ་རིག་པ་སོགས་

སྦྱོང་དགོས་པ་རེད་ ཡུུལ་ཀ་ཤི་མཛེས་ཀའི་སྤྲེེའུུ་ཐ་ལི་མ་ནི་

སྤྲེེལ་རྩལ་ཤིིན་ཏུུ་མཁས་པས་ལྷ་གཤོངས་སུུ་ཡོད་པའིི་རིིི་

དྭགས་ཚང་མས་སྤྲེལ་རྩེད་ལ་བསྟོད་བསྔགས་ལྡི་རིི་རིི་བྱེེད་པ་

དང་ཁ་ོལ་རྔན་པ་སྣ་ཚོགས་སྤྲད་ནས་སྤྲལེ་རྩདེ་སླབོ་ཏུུ་འཇུུག་

གི་ཡོོད་ སྤྲེའུུ་སྤུུ་བཟང་ནི་མཛེས་སྡུག་གིས་ཡོངས་སུ་ཕྱུུག་

པ་ཞིག་ཡིན་པས་རི་དྭགས་ཀུུན་གྱིས་མོ་ལ་བརྙས་བཀོ་བ་དང་

རྩེད་མོ་རྩེེ་བ་ རྔན་པ་སྤྲོད་པ་ གཏམ་སྙན་ཚིག་སྙན་ཤོད་པ་

སོགས་མོ་རང་གང་དགའ་གང་སྐྱིད་ཡོང་བ་བྱེད་ཀྱིི་ཡོོད་པས་མོའིི་

Page 44: Metok

38

དོོོ་སྣང་དེ་ཤེེས་རྩལ་སྦྱོང་རྒྱུར་མ་སླེབས་པར་རང་གི་སྤུ་གཙང་མ་

བཟོ་རྒྱུ་དང་རྒྱུག་ཤད་རྒྱགས་རྒྱུ་ ད་དུུང་རྣམ་པ་ཀུུན་ཏུུ་ལྡེམ་

ཞིིང་འཁྱུག་པའི་འགྲོ་སྟངས་སོྦྱང་རྒྱུ་སོགས་ལ་མགོ་འཁོར་བ་རེད་

སྤྲེའུུ་རྔ་རིང་ནིི་རྒྱུན་དུུ་སེམས་བཟང་བ་དང་ ལས་ལ་འཇོན་པ་

རྒན་པ་ཀུུན་གྱི་ཁ་ལ་ཉན་པ་ཞིག་ཡོད་པས་ལྷ་གཤོངས་ཀྱིི་

རིིི་དྭགས་ཚང་མས་ཁོའིི་གཤིིས་བཟང་ལ་བསྟོད་བསྔགས་མི་བྱེེད་

མཁན་མེད་ལ་ ཁོས་གླང་ཆེན་གྱིིས་རྩིི་ཤིིང་ཚང་མར་རང་གིི་

སྣ་ཁུུང་ནས་ཆུུ་གཏོར་སྐབས་མཚེའུ་ནས་ཆུ་ལེན་རོགས་བྱེད་

པ་དང་ བྱ་ཤིང་རྟ་མོར་ཤིིང་སྡོོང་གིི་ནད་འབུུ་མེད་པ་བཟོ་རོོགས་

བྱེེད་པ་ བྱ་ཕོས་ཞོགས་པའི་བྱ་སྐད་རྒྱགས་སྐབས་དུུས་ཚོད་ལྟ་

རོགས་བྱེད་པ་ ཁྱི་སྟག་ཕྲུུག་ལ་མཛོད་ཁང་སླང་རོོགས་བྱེད་པ་

སོགས་བྱེེད་བཞིན་ཡོད་ སྤྲེའུུ་མིིག་ཆུུང་ནིི་རྣམ་ཀུུན་ནས་

འཁྱམ་ཉུལ་དང་སྤྱོད་ངན་ལང་ཤོར་ཞིིག་ཡིིན་པས་ཡུལ་ལྷ་

39

Page 45: Metok

40

གཤོངས་ཀྱིི་སློོབ་དཔོན་ཚོས་ཀ་ཤི་མཛེས་ཀའི་རྒྱལ་པོར་ཞུུས་

ཏེ་སྔ་ས་ནས་ཕྱིར་སློག་བྱས་ཟིན་ སྤྲེའུུ་ཐལ་དཀར་ནི་ཕྱིིའིིི་

མཛེས༌སྡུག་དེ་ཙམ་མེད་ལ་སྤྲེའུུའིི་རྩལ་ཤེས་ཀྱང་གཞན་ལ་

མི་སྟོོན་པ་ ལས་ལ་དེ་ཙམ་མི་བརྩོན་པ་དང་གཤིས་བཟང་དེ་

ཙམ་མི་ལྡན་པས་ཀུུན་གྱིས་བསྟོད་པར་མི་བྱེེད་ འོན་ཀྱང་ཁོས་

སྤྲེའུུ་ཡི་རྒྱལ་པོས་མངགས་པའི་ཤེས་རྩལ་རྣམས་བརྩོན་

འགྲུུས་ཆེན་པོས་སྦྱོང་བཞིིན་གནས་སོ་ དེ་ལྟར་གྱི་བརྒྱུད་རིམ་

ནང་ཤེས་རྩལ་སྦྱོང་པའིི་དུུས་ཡུུན་རྫོགས་ནས་ཀ་ཤི་མཛེས་ཀའི་

རྒྱལ་པོས་ཁོང་རྣམས་རང་ཡུལ་དུུ་ལོག་དགོས་པའི་བརྡ་འབྱོར་

འོན་ཀྱང་སྤྲེའུུ་སྤུུ་བཟང་ནི་ཡོན་ཏན་སྣ་གཅིག་ཀྱང་མི་ཤེེས་

པའི་ཁར་ཁ་འཇམ་གཏིང་ནག་གི་ཨ་ཕོ་སྤྱང་ཀིའིི་ཕྲུུ་གུུ་

ཡང་ལུས་ལ་འཁོར་ཡོད་པས་ལོག་པར་ལོག་སྟངས་མ་ཤེས་

སྡོད་པར་སྡོད་སྟངས་མ་ཤེས་པར་ལུས་པ་རེད་ སྤྲེའུུ་ཐ་ལི་མ་ནི་

Page 46: Metok

40

རང་ལ་ཡོན་ཏན་སྣ་གཅིག་ཀྱང་མི་ཐོོབ་པར་ད་ཆ་རྒྱལ་པོའིི་

འགྲོ་སོོང་གིི་དུུས་ཡུུན་རྫོགས་པས་རི་དྭགས་ཚང་མས་ཁོ་ལ་སྐུ་

ཉིིད་མགྱོགས་པོ་ཡུལ་ཀ་ཤི་མཛེས་ཀར་ཕེབས་རྒྱུར་བཀྲ་ཤིས་

བདེ་ལེེགས་ཞུུ་ ཞེས་བརྗོད་ཀྱིི་ཡོད་པ་ལས་ཤེས་རྩལ་སྦྱོང་རྒྱུར་

རོགས་རམ་བྱེད་རྒྱུའིི་རྣམ་པ་གང་ཡང་བསྟན་གྱི་མེེད་ སྤྲེའུུ་

རྔ་རིང་དེེ་ཡང་ཤེས་རྩལ་གང་ཡང་སྦྱང་ཁོམས་མ་བྱུང་བར་ད་ཆ་

འགྱོད་པའིི་གནས་སུ་གྱར་ཡང་བྱ་ཐབས་གང་ཡང་མེད་པར་ཁ་

སྟོང་ལག་སྟོང་དུུ་ལོག་དགོས་བྱུང་ སྤྲེའུུ་ཐལ་དཀར་དེ་ད་ཆ་ཤེས་

རྩལ་སྣ་དགུ་འཛོམས་པའི་སྤྲེེའུུ་གཞོན་ཞིིག་ཏུུ་གྱུུར་ཡོད་པས་

ཁོ་ལ་རྒྱུགས་སྤྲོད་ཀྱིི་ཨང་དང་པོ་ཐོབ་པའི་གསེར་གྱིི་བུུམ་པ་

དེ་ཡུལ་ཀ་ཤི་མཛེས་ཀའི་རྒྱལ་པོར་ཕུལ་བས་སྤྲེལ་རྒྱལ་

ཐུུགས་མཉེས་ཐག་ཆོད་ནས་སྤྲེའུུ་ཐལ་དཀར་དེ་བློོན་ཆེན་ཨང་

དང་པོར་བསྐོ་བཞག་གནང་བ་དང་མཛད་སྒོ་རྒྱ་ཆེན་པོའིི་ཐོོག་

41

Page 47: Metok

42

ཁོའིི་ཕ་མ་གཉིས་ཀྱང་བཞུགས་གྲལ་དུུ་འཁོད་བཅུུག་པ་དང་

སྤྲེའུུ་ཡིི་ཚོོགས་རྣམས་ལ་ཤིང་འབྲས་སྣ་ཚོགས་ཀྱིས་སྟོན་མོ་

རྒྱ་ཆེན་པོ་བཤམ་པ་རེད༌།