frog

8
གཡོ་་ཅན་་ལ་པ་ Copyright © 2010 ISBN: 978-81-87859-75-8 Story by: Tsering Samdup Edited by: Sangye Tandar Naga Design & Layout by: Lobsang Gonpo Illustrations by: Ugyen Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: [email protected] / [email protected] www.sambhota.org

Upload: karma-chungdak

Post on 23-Mar-2016

224 views

Category:

Documents


3 download

DESCRIPTION

 

TRANSCRIPT

Page 1: frog

  གཡོ་སྒྱུུ་ཅན་གྱིི་སྦལ་པ་ 

Copyright © 2010

ISBN: 978-81-87859-75-8

Story by: Tsering Samdup Edited by: Sangye Tandar Naga

Design & Layout by: Lobsang Gonpo Illustrations by: Ugyen

Published by: Sambhota Tibetan Schools Society, Session Road, Dharamsala -176215

Distt: Kangra (H.P.), INDIA

Phone: 01892-228877 / 226877 Email: [email protected] /

[email protected] www.sambhota.org

Page 2: frog

 ༡ 

༄༅་།གནའ་སྔ་མོ་གཡོ་སྒྱུ་ཅན་གིྱ་སྦལ་པ་རྒན་ཁོག་

ཞིིག་ཡོད་པ་རེད་ ཁོང་རང་ལོ་ན་རྒས་ནས་

འཕུུར་མཆོངས་ཐུབ་ཀིྱ་མེེད་ འོན་ཀྱང་

འབུ་སིྲན་སོགས་ཟ་རྒྱུར་དགའ་བོ་

ཡོོད་།  

ཉིན་ཞིིག་ཁོའིི་འགྲམ་དུུ་སྦྲང་བུུ་གཉིས་འཕུུར་བཞིན་

ཡོད་པ་ན་ ཁོས་སྦྲང་བུུ་ཆུུང་ཆུུང་འདི་གཉིིས་ངས་

བཟའ་ཐབས་ཤིག་ངེེས་པར་བྱ་དགོས་བསམ་པ་རེད་།

Page 3: frog

 ༢  

དེ་ནས་ཁོས་ ཉི་མ་ནུབ་ཚར་འདུུག་གམ་ ཞེས་སྐད་ཅོར་

བཅས་བརྒྱབ་པར་ སྦྲང་བུུ་གཉིས་ཁོའིི་ཕྱོོགས་སུུ་བལྟས་ནས་ 

ཁེྱད་རང་མཐོང་ཐུབ་ཀིྱ་མེེད་པས་ ཞེས་དྲིིས་པ་ན་། 

སྦལ་པས་ང་ལོ་

ན་རྒས་ནས་མཐོང་ཐུབ་ཀིྱ་མིི་འདུུག་ཅེས་ལན་བཏབ་ སྦྲང་བུུ་

གཉིས་ནས་ ཉི་མ་ནུབ་ཚར་འདུུག་ཅེས་བཤད་པ་ན་ སྦལ་

པས་ཨ་ག་རེ་ ཞེས་སྐད་བརྒྱབ་པ་དང༌ སླར་ཡང་ཉི་མ་ནུབ་

ཚར་འདུག་ ཅེས་སྦྲང་ཆུུང་གཉིས་ནས་ལན་བཏབ་། 

Page 4: frog

 ༣ 

ངས་གོ་གིི་མིི་འདུག་ ཅེས་སྦལ་པས་བཤད་པར་ སྦྲང་བུུ་

གཅིག་སྦལ་པའི་ཕྱོོགས་སུུ་འཕུུར་པ་ན་།

སྦྲང་བུུ་གཞན་

ནས་ཁོའིི་འགྲམ་ལ་མ་འགོྲ་དང་ཁོ་ལ་ཡིད་ཆེེས་

བེྱད་མིི་ཉན་ ཁོས་ཁྱེེད་རང་ཟ་གི་རེེད་ ཅེས་བཤད་།

Page 5: frog

 ༤  

སྦྲང་ཆུུང་དེས་སྦལ་པ་མིག་ལོང་པ་དང་རྣ་མཆོག་འོན་པ་རེད་ 

ཁོས་ང་ལ་གནོད་སྐྱེེལ་གིྱ་མ་རེད་ཅེས་བཤད་།  

སྦྲང་ཆུུང་གཞན་དེ་ཐག་རིང་སར་འཕུུར་བསྡད་སྐབས་ཁོ་སྦལ་

པའི་འགྲམ་དུུ་ཕིྱན་ནས་།

Page 6: frog

ཉི་མ་ནུབ་ཚར་འདུུག་ ཅེས་བཤད་།  

 ༥ 

སྦལ་པས་ད་དུང་གསལ་པོ་གོོ་གིི་མིི་

འདུུག་ངའི་རྣ་མཆོག་གིི་འགྲམ་དུུ་

ལབ་རོགས་ཞུས་།

Page 7: frog

སྦྲང་ཆུུང་ཉེ་འགྲམ་དུུ་ཕིྱན་ནས་ཉི་མ་

.............ཞེས་ལབ་འགོ་འཛུགས་པ་དང༌། 

 ༦  

སྦལ་པས་སྦྲང་བུུའི་སྟེེང་དུ་མཆོང་ནས་འཛིན་

བཟུང་བྱས་པས་མ་ཚད་སྦྲང་བུུ་བཟས་པ་རེད་།  

Page 8: frog

སྦྲང་ཆུུང་གཞན་དེས་ ཨོ་ ཡ་ 

འགིྲག་མ་སོང༌ ཁོ་ངའིི་སྐད་ཆར་

ཉན་ཡོད་ན་ད་ཆ་གསོན་པོར་

གནས་ཡོད་  སྦལ་པ་ལ་ཡིད་ཆེས་བྱས་པ་དེ་ཧ་ཅང་ལྐུགས་

རྟགས་བསྟན་སོང༌ ཞེས་བཤད་།

 ༧ 

དེ་ནས་ཁོ་ཤུགས་ཆེན་པོ་ངུ་བཞིན་

པའི་ངང་འཕུུར་ཕྱིན་པ་རེད་།