chungchung

46
རི་བང་ང་ང་ སམ་ོ་ཊ་བོད་གང་ོབ་འི་་བ་ཡིག་ཚང་

Upload: karma-chungdak

Post on 23-Mar-2016

236 views

Category:

Documents


4 download

DESCRIPTION

 

TRANSCRIPT

Page 1: Chungchung

རི་བོོང་ཆུུང་ཆུུང་

སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱིི་ཁྱབ་ཡིག་ཚང་

Page 2: Chungchung

Copyright © 2009

All rights reserved. No part of this publication maybe reproduced, Without the prior permission of the Department of Education, CTA, Dharamsala -176215

ISBN: 978-81-87859-53-6

Author: Samling Tsering Lhamo Compiled by: Tenzin Wangdue Edited by: Sangye Tandar Naga Illustration by: Passang Dhondup Layout & designed by: Lobsang Gonpo

Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877

Email: [email protected] / [email protected] www.sambhota.org

Page 3: Chungchung

སྔོན་གླེང༌

༄༅་།ཉེ་བའིི་ལོོ་ཤས་ནང་བཙན་བྱོལ་བོད་མིིའིིི་སྤྱིི་ཚོོགས་

ཁྲོད་བོད་ཡིིག་དཔེ་དེེབ་ཇེ་མང་དུུ་ཐོན་བཞིན་པ་དེས་ བོད་ཀྱིི་སྐད་

ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཕྱོོགས་

སུ་སྐྱོད་བཞིན་པར་གདོན་མིི་ཟ་ འོན་ཀྱང་དེབ་རིིགས་ཕལ་ཆེ་

བ་དབུ་ཅན་ཡིག་གཟུགས་འབའ་ཞིིག་ཡིན་གཤིས་ བོད་མིིའིིི་

གཞིི་རིིིམ་སློབ་གྲྭ་ཁག་གི་འཛིིན་རིིམ་དང་པོ་ནས་གསུམ་པ་

བར་གྱིི་སློོབ་ཕྲུུག་ཚོའིི་མིིག་གིི་སྤྱོོད་ཡུུལ་དུུ་གྱུུར་མ་ཐུུབ་པར་

བརྟེན་ འདི་ག་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱིི་ཁྱབ་ཡིག་

ཚང་ནས་ལོ་ཆུང་བྱིས་པའམ་གཞི་རིིམ་འོག་མའི་འཛིིན་རིིམ་

དང་པོ་ནས་གསུམ་པ་བར་གྱི་སློོབ་ཕྲུུག་ཚོར་ཉེ་བར་མཁོ་བའིི་

Page 4: Chungchung

དེེབ་རིིགས་ཁག་གཅིག་དབུུ་མེད་ཡིིག་གཟུགས་ཐོག་ཕབ་སྟེ་

དཔར་སྐྲུུན་འགྲེམ་སྤེལ་ཞུས་དང་ཞུ་བཞིན་ཡོད་པ་དང་ ལྷག་

པར་དེབ་འདིི་ནིིི་མ་སུ་རི་གཏན་སློབ་བོད་དགེ་བསམ་གླིང་ཚེ་

རིིང་ལྷ་མོ་ལགས་ཀྱིས་ངལ་བ་ཚད་མེད་ཐོག་སྔ་དགོང་དང་གུུང་

སེང་གིི་དུུས་ཡུུན་སྤྱད་དེ་བརྩམས་བསྒྱུར་གནང་བ་ཞིག་ཡིིན་

ཞིིང་ དེས་བོད་ཕྲུུག་ཆུུང་ཆུུང་ཚོ་དང་བོད་ཡིིག་དཔེ་དེེབ་ཁག་གི་

དབར་ བར་ཐག་ཉེ་རུུ་བཏང་སྟེ་བོོད་ཀྱིི་རིིིག་གནས་ཤེས་ཚད་གོང་

འཕེལ་གཏོང་བའིི་མཐུུན་གྲོགས་སུུ་འགྱུུར་ཐུུབ་པའི་རེེ་སྨོོན་

བཅས་ བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུུ་བདུུན་པའི་ས་གླང་

ཕྱིི་ལོོ་ ༢༠༠༩ ལོའིི་ཟླ་ ༡༢ ཚེེས་ ༡༧ བཟང་པོ་ཉིིན་ལ་

སམ་བྷོ་ཊ་བོད་སློོབ་སྤྱིི་ཁྱབ་ཡིག་ཚང་ནས་།

Page 5: Chungchung

དཀར་ཆག་

༡༽ ངང་ཕྲུུག་མདོག་ཉེས་པོ་ ���������������������������������������������������������� ༡

༢༽ ཁུུ་བྱུུག་རྒྱལ་པོར་བསྐོས་པ་ �������������������������������������������������� ༡༡

༣༽ ལེ་ལོོ་ཅན་གྱི་ཙིི་ཙིི་སྒམ་པོ་ ����������������������������������������������༡༥

༤༽ རིི་བོོང་ཆུུང་ཆུུང་ ������������������������������������������������������������������༢༠

༥༽ བྱིིའུུ་ ������������������������������������������������������������������������������� ༢༦

༦༽ ངའིི་སྤོོ་ལགས་ ����������������������������������������������������������������� ༣༠

༧༽ ངང་མོས་ངང་ཕྲུུག་གི་ཕ་འཚོལ་དུུ་སོང་བ་ ���������������������������������� ༣༨

Page 6: Chungchung

ངང་ཕྲུུག་མདོག་ཉེས་པོ་

༄་།ངང་པ་ཨ་མས་ས་ཆ་དྲོ་

ས་ཞིིག་དང་འཇམ་ས་བརྟན་པོ་

ཞིིག་ལ་མོ་རང་གི་ཚང་བཟོས་

ཡོད་པ་རེད་ ས་ཆ་དེ་ནིི་གཙང་

པོ་ཞིིག་གིི་འགྲམ་ལ་ཡོད་པ་རེད་

ཉིན་ལྟར་ངང་པ་གཞན་རྣམས་རྫ་རྔ་བཀྲོལ་བཞིན་གཙང་ཆུའི་

ནང་གཡས་སྐོར་དང་གཡོན་སྐོར་རྒྱག་པར་འགྲོ་ཡིི་ཡོོད་ཀྱང་

ངང་པ་ཨ་མས་རང་གི་ཕྲུུ་གུུ་རྣམས་སྒོ་ང་ནས་འདོན་རྒྱུར་ད་དུུང་

དྲོད་ཀྱིི་ནུུས་པ་དེ་སྤྲོོད་ཅིིང་ངང་སྒུག་བྱས་ནས་གནས་ཡོད་ ནམ་

མཁའ་སྔོ་ཞིིང་དྭངས་བའི་ཉིིན་ཞིིག་སྒོང་ལྤགས་དཀར་པོ་རྣམས་

ཁ་ཕྱེ་སྟེེ་གསེར་མདོག་འདྲ་བའི་ངང་

1

Page 7: Chungchung

2 3

ཕྲུུག་རྣམས་ ཅིིབ་ཅིིབ་ཅིིབ་ཅིིབ་ ཅེས་ངང་པ་ཨ་མར་བསྐོར་

བ་དང་འཛམ་གླིང་འདིི་དེེེ་འདྲའིི་རྒྱ་ཆེ་ལ་ ཞེས་སྐད་རྒྱག་གི་ཡོད་

པ་རེད་ ངང་པ་ཨ་མ་ནི་དགའ་སྤོབས་ལྡན་པའི་ངང་ཕྲུུ་གུུ་

རྣམས་རུུབ་རུུབ་བྱས་ནས་ཉར་ཚགས་བྱེད་རྒྱུར་མགོ་འཁོར་བ་

ལས་རང་གི་ཚང་ནང་དུུ་ད་དུུང་སྒོ་ང་གཞན་ལས་ཆེ་བ་ཞིག་ཁ་

འབྱེད་རྒྱུར་ལུུས་ཡོད་པར་དོ་སྣང་མ་བྱུང་བ་རེད་ ངང་པ་ཨ་ཕས་དེ་

མཐོང་མ་ཐག་ ཨོ་དེེ་ནིི་མིི་ཁྱིིམ་དུུ་གསོ་ཚགས་བྱེད་པའིི་བྱ་

ཆེན་ཁོའིི་སྒོོ་ང་རེད་ བྱ་ཆེན་དེ་ཚོའིི་རིིིགས་དེ་ཆུུ་རྐྱལ་ཁྱོན་ནས་

མི་ཤེེས་པའི་ཐོོག་འཛོར་པོ་ཞེེ་དྲག་ཡོད་པ་རེད་ དེ་ལས་ངའི་ཁ་

ལ་ཉན་ནས་དེ་གཅིིག་པོར་གཡུུག་ཞོགས་ ཞེས་བཤད་ འོན་

ཀྱང་ངང་པ་ཨ་མས་སྒོ་ང་དེེ་ལ་དྲོད་སྤྲོད་ཆེད་ད་དུུང་ངང་སྒུག་བྱས་

པ་རེད་ དེ་ནས་སྒོ་ང་དེེ་ཁ་འབྱེད་དུུས་གསེར་མདོག་ལྡན་པའི་ངང་

ཕྲུུག་ཆུུང་ཆུུང་དེ་ཚོའིི་ཚབ་ལ་མཐོང་སྣང་མི་འདོོད་པའིི་བྱ་ཕྲུུག་

Page 8: Chungchung

2 3

སྤུ་ཁ་ཐལ་མདོག་ཞིིག་ཐོན་པ་རེད་ ད་དེ་དངོོས་འབྲེལ་ཁྱིིམ་

བྱའི་ཕྲུུ་གུུ་ཞིིག་ཡིིན་སྲིིད་དམ་སྙམ་བཞིན་ངང་པ་ཨ་མས་

ཕྲུུ་གུུ་རྣམས་གཙང་ཆུའི་ནང་འཁྲིད་པ་རེད་ དེ་དུུས་བྱ་ཕྲུུག་དེ་

ཡང་ཁོང་ཚོའིི་རྗེེས་སུ་གཙང་ཆུུའི་ནང་རྐྱལ་རྒྱག་བཞིན་སླེབས་

པས་ངང་པ་ཨ་མ་དགའ་ཚོར་ཆེན་པོས་དེེ་ཁྱིིམ་བྱའི་ཕྲུ་གུུ་མ་

ཡིན་པར་སྤྱིར་སྟངས་ཀྱི་ངང་ཕྲུུག་མདོག་ཉེས་པོ་ཞིིག་རེད་འདུུག་

སྙམ་པ་རེད་ ངང་ཕྲུུག་མདོག་ཉེས་པོ་དེེ་ཇིི་ཙམ་འཚར་ལོངས་

བྱུང་བ་དེ་ཙམ་གྱིིས་མདོག་ཉེས་སུུ་འགྲོ་ཡིི་ཡོོད་པས་ངང་ཕྲུག་

གཞན་ཚོས་ཁོ་ལ་ཁ་ཡ་ཙམ་ཡང་བྱེད་ཀྱིི་མེེད་པར་མ་ཟད་

ངང་པ་གཞན་ཚོས་ འ་ཛི་ ངང་ཕྲུུག་དེ་དེེ་འདྲའིི་མདོག་ཉེས་པ་

ལ་ ཞེས་ཤོད་ཀྱིི་ཡོོད་པ་རེད་ ངང་ཕྲུུག་ཁོ་སེེམས་སྐྱོ་ཐག་ཆོད་

ནས་ས་ཆ་གཞན་གྱི་འདབས་ཆགས་ཚོས་ང་ལ་དེ་འདྲའི་སྡང་པོ་

བྱས་ཨེ་ཡོང་སྙམས་ནས་ཐོན་ཕྱིིན་པ་རེད་ གྲོང་ཚོ་ཞིིག་ཏུུ་

Page 9: Chungchung

5

སླེབས་སྐབས་བྱ་མོས་ཁོ་མཐོང་མ་ཐག་མཆུ་ཐོག་རྒྱག་པར་

ཡོང་པ་དང་ད་དུུང་བྱ་ཕོས་གདོང་དམར་པོ་ཆགས་ཆགས་སྐད་ཅོར་

བརྒྱབ་ནས་བསྡད་ ཐ་ན་ཁྱིིམ་བདག་གི་བུ་མོ་ཆུུང་ཆུུང་དེས་

ཀྱང་བྱ་དེ་ཚོར་ལྟོ་སྟེེར་སྐབས་ཁོ་ལ་རྡོག་རྒྱག་གཞུུ་གང་ཐུུབ་

བྱས་ བྱ་ཕྲུུག་གཞན་ཚོས་ཀྱང་ཁོའིི་ལམ་ནས་བྲོས་འགྲོ་ཡིི་

ཡོོད་པས་ཁོས་མ་སྐྱིད་པ་དང་ཞེད་སྣང་ཁོ་ནའིི་ངང་དེ་ཚོོ་ཚང་མ་ང་

རང་མདོག་ཉེས་དྲགས་པས་ལན་འདུུག་སྙམ་ དེ་ ནས་བྱ་དེ ་

ཚོོས་ཁོ་ལ་ཁ་ཡ་མ་བྱས་ སྟབས་ཁོས་

སྤང་ཐང་ ཞིིི ག ་ གིི ་

སྒ ང ་ ལ ་ འཁྱམས་ཕྱིན་

ཡ ང ་ རོ གས ་ པ་གཞན་མ་རྙེེ ད ་

4

Page 10: Chungchung

5

སྟབས་རང་གི་སྤུུ་འཇམ་དེས་ལུུས་པོ་བཏུུམས་ནས་གཉིད་ཁུུག་

ནས་བསྡད་པ་རེད་ ཕྱི་ཉིིན་ཞོགས་པ་གྲང་རླུང་གིས་རྔོན་པའི་

མདའ་མོ་ཇིི་བཞིིན་ལུུས་ལ་བཙུགས་ཡོང་ ཁོའིི་སེེམས་ལ་

འདི་རུ་བསྡད་ན་གལ་ཏེ་ཁྱིི་ཞིིག་གིིས་མཐོང་ཚེ་ཤིི་རྒྱུ་ལས་གང་

ཡོང་སྙམ་སྐབས་ཁྱི་ཞིིག་ཡོང་བ་དང་ཧར་སྒྲ་ཞིག་སྒྲོག་པ་ལས་

གང་ཡང་མ་བྱས་པར་ལོག་ཕྱིིན་ ང་ནི་དེེ་འདྲའིི་མདོག་ཉེས་པ་

ལ་ཐ་ན་ཁྱིས་ཀྱང་ང་ཟ་རོགས་བྱེད་ཀྱིི་མིི་འདུག་སྙམ་གྱིན་སོང་

སོང་ནས་རྩྭ་ཁང་ཞིག་གིི་ནང་རྒན་མོ་ཞིིག་མོ་རང་གི་ཞིི་མིི་

དང་བྱ་མོ་སོོགས་ཉར་ནས་ཡོད་པ་དེའིི་ཁང་པའི་ནང་ལ་འཛུལ་

རྒན་མོ་དེེའིིི་སེེེམས་ལ་ངང་པ་དེ་མོ་ཡིིན་ན་སྒོ་ང་འདྲ་གཏོང་སྲིིད་

སྙམ་ནས་ཁྱིམ་དུུ་གསོས་ཀྱང་ངང་ཕྲུུག་དེ་ཆེེ་རུུ་དང་མདོག་ཉེས་

རུུ་ཕྱིན་པ་མ་གཏོགས་སྒོ་ང་རྐང་གཅིག་ཀྱང་གཏོང་རོོགས་མ་

བྱས་པས་ཁོང་ཁྲོ་ཟ་བར་གྱུུར་ ད་དུུང་བྱ་མོ་དང་ཞིི་མིི་ཚོོས་ངང་

Page 11: Chungchung

6

ཕྲུུག་ཁོས་རྐྱལ་ཡང་ཤེས་ཀྱིི་མེེད་པས་ཁོ་ལ་མི་དགའ་བ་ཇ་

ཆེེར་གྱུར་ ཉིིན་ཞིིག་རྒན་མོས་ཁྱོད་ཀྱིིས་སྒོ་ང་ནིི་གཏོང་གིི་

མིི་འདུུག་དེ་ལས་ས་ཆ་གཞན་ཞིག་ཏུུ་སོང་ཞེེས་ཁོ་ཕྱིིར་ཕུུད་

དབྱར་ཁའིི་རིིང་ངང་ཕྲུུག་ཁོ་རང་གཅིག་པོར་ཟས་གང་ཐོབ་ཀྱིིས་

འཚོ་བར་བྱས་ཤིང་སྟོོན་ཀ་ཤར་སྐབས་ཤིང་གིི་ལོོ་མ་ཚང་མ་སྡོང་

པོ་ནས་བསྐམས་ཏེ་མེེད་པར་གྱུར་པ་དང་སྔོ་ལྗང་ཅན་གྱི་རྩྭ་ལོ་

རྣམས་མངོན་རྒྱུ་མེད་པར་གྱུར་ ཉི་མ་ལ་ལ་བཞུུད་འགྲོ་བའིི་

སྐབས་ཤིིག་ལ་ཁོས་སྤུུ་ཁ་དཀར་ལ་མཛེས་སྡུུག་ལྡན་པའི་བྱ་

ཆེན་ཁྱུ་གཅིག་མཚོ་ཁ་ནས་འཕུུར་ཕྱིན་པ་མཐོང་བས་མིག་

རྒྱང་གང་ཆོད་བར་བལྟས་བསྡད་པ་དང་རང་ཉིད་ཀྱང་དེ་ལྟ་བུུར་ཁོང་

ཚོ་མཉམ་དུུ་འཕུུར་རྒྱུ་བྱུུང་ན་ཅི་མ་རུང་སྙམ་ དགུུན་དུུས་ཁ་

བ་དཀར་པོས་མཛེས་སྡུུག་ལྡན་པའི་བྱ་ཆེན་དཀར་པོ་དེེ་དག་

ཁོའིི་མིིག་ལམ་དུུ་མངོན་རྒྱུ་མ་བྱུང་བར་གཙང་ཆུ་རྣམས་

Page 12: Chungchung

འཁྱག་པས་བསྡམས་ཤིིང་ངང་ཕྲུུག་མདོག་ཉེས་པ་ཡང་འཁྱག་

པར་འབྱར་ནས་ཤི་ལ་ཁད་དུུ་འགྱུུར་བས་ཡུལ་མི་སེེམས་བཟང་

ཅན་ཚོས་འཁྱག་པ་བཅག་ནས་ཁོ་ཁྱིིམ་དུུ་ཉར་ ཁྱིམ་ཚང་

དེའིི་ཕྲུུ་གུུ་ཚོས་ཁོ་ལ་རྩེད་མོ་རྩེ་འདོད་བྱུང་ཡང་ཁོ་ནིི་ཕྲུུ་

གུུ་དེ་ཚོོས་ཁོ་ལ་བརྙས་བཅོས་བྱེད་པར་བསམ་ནས་བྲོས་སྐབས་

མིི་ཚང་དེའིི་འོོ་ཟོོམ་གྱིི་འོོ་མ་ཚང་མ་མགོ་རྟིིང་སློོག་པ་དང་

མཉམ་དུ་ཟས་སྣོད་ ཀྱིི ་ ཤིི ང ་ ཟོ མ ་

ཞིིག་ཀྱང་གཡུུག་པ་ སོ གས ་གནོ ད ་

7

Page 13: Chungchung

8 9

སྐྱེེལ་བས་ཕྲུུ་གུུ་ཚང་མ་རྒད་མོ་ཤོོར་ཡང་ཁོང་ཚོའིིི་ཨ་མ་

ཁོང་ཁྲོ་ཟ་ཐག་ཆོད་ནས་མེ་ཁྱེེམ་ཞིིག་ཁོ་ལ་བཞུས་ཀྱང་མ་

སྙོབས་ དེ་ལྟར་ཁོ་ཕྱིི་རོོལ་དུུ་གྲང་ཟུུག་ཆེ་བའིི་དགུན་གྱིི་དུུས་དེ་

སྐྱེེལ་དགོས་བྱུང་ དེ་ནིི་ཁོོའིི་དཀའ་སྡུག་ཆེ་ཤོོས་ཤིིག་རེད་ ཁོ་ཉིིན་

ལྟར་གྲང་ཟུུག་དང་ལྟོགས་ཤི་ཐེེབས་རྒྱུ་རེད་སྙམ་ཞིང་ཚང་ཁུུག་

བཀྱོག་གཅིག་བྱུང་ན་བསམ་པ་མ་གཏོགས་སླར་ཡང་ཉི་མའིི་

འོོད་སྣང་ཞིག་དང་བྱ་བྱིིའུུ་ཡིི་གསུང་སྙན་ཞིག་ཐོས་རྒྱུ་ཡོང་གིི་རེེེད་

སྙམ་པ་མ་བྱུང་ སྐྱོ་སྣང་ཆེ་བའིི་འཚོ་བ་ཡུན་རིང་སྐྱེེལ་བའི་

ཉིིན་ཞིིག་བྱ་བྱིའུུ་ཡིི་སྐད་སྒྲ་སྒྲོག་དུུས་ངང་ཕྲུུག་མདོག་ཉེས་

པས་རང་གི་གཤོག་པ་གཉིས་པོ་བརྡབ་ནས་འཕུུར་རྩིས་བྱེད་

དུུས་ ཨ་ཡ་མཚན་ གཤོག་པ་གཉིས་པོ་དེེ་འདྲའིི་ཤུུགས་ཆེ་

བ་ལ་ ཉི་མའིི་འོོད་སྣང་ གིས་ཁོའིི་སྒལ་གཞུུང་ལ་དྲོ་སྐྱིིད་ཀྱིིས་

ཁྱབས་ཡོང་བ་དང་ཁོའིི་དཀའ་སྡུག་དེ་དག་རིམ་གྱིིས་ཡལ་ཐུུབ་

Page 14: Chungchung

8 9

པ་བྱུང་བ་རེད་ ཁོ་འཕུུར་འཕུུར་ནས་མེ་ཏོོག་གིི༌ལྡུམ་ར་ཞིིག་

མཐོང་བ་དང་དེའིི་དྲིིི་ཞིིིམ་སྣ་ལ་འཐུལ་བས་མི་ཚད་མེ་ཏོོག་

གིིས་ཁོ་ལ་གཡབ་གཡོབ་ཀྱིིས་སྣེ་ལེེན་ཡང་བྱས་ གློ་བུུར་དུུ་

མཛེས་སྡུག་ལྡན་པའི་བྱ་ཆེན་དཀར་པོ་གསུམ་གཙང་ཆུའི་ནང་

འོད་ཆེེམ་ཆེམ་དུུ་བཞུུགས་པ་མཐོང་ དེེ་དག་ནི་ན་ནིིང་སྟོན་ཀ་

ཅིི་ཡིིན་མིི་ཤེེེས་པར་ཕོའིི་ཡིིད་དབང་འཕྲོག་མཁན་གྱི་ངང་པ་

དཀར་པོ་རྣམས་ཡིིན་པ་རེད་ ཁོ་ཚོས་ང་ལ་གནོད་པ་བྱས་ཨེ་

ཡོང་ གལ་ཏེ་ཁོོང་ཚོས་ཀྱང་ང་མདོག་ཉེས་པར་བརྙས་བཅོས་

བྱས་གྱུུར་ན་ས་དེ་རང་དུུ་ཤི་བསྡད་ན་དྲག་སྙམ་སྐབས་ངང་པ་དཀར་

པོ་ཞིིག་ཁོའིི་འཁྲིིས་སུ་ཡོང་ནས་དགའ་བའི་རྣམ་འགྱུར་ཞིིག་

བསྟན་པས་ཁོས་རང་གི་མགོ་སྒུར་ཙམ་བྱེད་དུུས་ཆུུའི་ནང་ནས་

རང་ཉིད་ངང་ཕྲུུག་མདོག་ཉེས་པ་དེ་མ་ཡིན་པར་ངང་པ་དཀར་པོ་

ཆེེན་པོ་ཞིིག་ཡིིན་པའི་གཟུགས་བརྙན་མཐོང་བ་རེད་ ཁོས་རང་

Page 15: Chungchung

10

ཉིིད་གཉིད་ལམ་བཏང་བ་མིན་ནམ་ དངོས་འབྲེལ་རང་ཉིིད་ངང་

པ་དཀར་པོ་ཆེེན་པོ་ཞིིག་ཨེ་ཡིིན་སྙམ་ ཆུུ་ཁ་ནས་ཕྲུུ་གུུ་

ཁག་གཅིག་གིིས་ དེ་ལ་ངང་པ་དཀར་པོ་གསར་པ་ཞིག་སླེབས་

འདུུག་ ཁོ་དེེ་འདྲའིི་སྙིིང་རྗེེ་བ་ལ་ ཞེས་བཤད་སྐབས་མཛེས་ལྡན་

གྱིི་ངང་པ་དཀར་པོ་གཞན་ཚོས་ཀྱང་མགོ་བོོ་བཀྱག་ནས་ཁོ་ལ་

བལྟས་ ཁོས་ ད་ནི་རྨིི་ལམ་ཡིན་གྱིི་མ་རེད་ ང་ ངང་ཕྲུུག་

མདོག་ཉེས་པའི་སྐབས་ལ་རྟག་པར་གཉིད་ལམ་སྐྱིད་པོ་དེེ་འདྲ་

ཞིིག་རྨིིས་ཀྱིི་ཡོད་ཨང་སྙམ༌།

Page 16: Chungchung

10

ཁུ་བྱུུག་རྒྱལ་པོར་བསྐོས་པ་

༄་།གནའ་སྔ་མོ་སྔ་མོ་བྱ་རྣམས་ལ་བྱ་ཡི་རྒྱལ་པོ་ཞིིག་

བསྐོ་རྒྱུའི་བསམ་ཚུལ་གཅིག་འགྱུར་ཞིག་བྱུང་བ་སྟེ་བྱ་དམངས་

ཚོགས་ནས་གྲོས་བསྡུར་བྱས་པ་རེད་ བྱ་ཁ་ཤས་ཀྱིས་ཁྱུང་ཆེན་

གཟུགས་སྟོབས་ཆེ་ལ་སྤུུ་མདོག་མཛེས་པས་རྒྱལ་པོ་བྱས་ན་

བཟང་ཚུལ་བཤད་པས་ བྱིའུུ་མཐེབ་ཏོག་གིིས་ ཏིག་ཏིིག་རིིག་

བྱ་ཆེ་ཆུང་ལ་མ་གཟིགས་སྤུུ་ཆ་ཡག་ཉེས་ལ་གཟིགས་

ཞེས་སྐད་བརྒྱབ་ ཡང་བྱ་ཁ་ཅིག་གིིས་འཇོལ་མོ་དེེ་གསུང་

སྐད་སྙན་པས་རྒྱལ་པོར་བསྐོ་བཞག་བྱས་ན་བཟང་ཚུལ་བཤད་

པས་ བྱིིའུུ་ཏིིང་ཏིིང་མས་ སྐད་སྙན་པོ་འདྲ་འདྲ་ཡིན་ཞེས་སྐད་

བརྒྱབ་ བྱ་ཁ་ཤས་ཀྱིས་ཐང་དཀར་རྒོད་པོ་དེེ་གཤོག་རྩལ་ཆེ་

ལ་གཟུགས་སྟོབས་ཆེ་བས་བྱ་ཡི་རྒྱལ་པོར་བཟང་ཚུལ་བཤད་

པས༌ དེ་བཞིིན་བྱ་ཆེ་བ་རྣམས་ཀྱིས་ཆག་

སྒོ་མེེད་ན་ཆེ་ཙམ་དགའ་ ཞེས་སྐད་ཅོར་བརྒྱབ་

པས་མཐའ་མའི་ཐག་

11

Page 17: Chungchung

12 13

གཅོད་ཅིིག་རྩ་བ་ནས་མ་བྱུང་ བྱ་སྤུུ་ཤུུད་ཀྱིས་བྱ་གཞན་

རྣམས་ཀྱིས་སྐད་བརྒྱབ་པའི་དུུས་སུུ་རང་ཉིད་ཕར་འགྲོ་ཚུུར་འོང་

བྱེེད་ཀྱིིན་བསམ་བློ་གང་ཙམ་བཏང་རྗེས་ ཏོག་ཙམ་སྒུུག་དང་

ཞེས་སྐད་བརྒྱབ་པ་དང་སྦྲགས་ མགྲིན་པ་གཟེངས་ཙམ་བྱས་

ཏེ་ངས་བལྟས་ན་ད་ལྟའི་བསམ་ཚུལ་ཚང་མ་ཕྱོགས་གཅིག་

གིིས་མོས་ཀྱང་གཅིག་གིིས་མོས་མཐུན་བྱེད་ཀྱིི་མིི་འདུུག་ དེ་

ལས་ངས་བལྟས་ན་སང་ཉིན་ཞོགས་པ་ཉི་མ་ཤར་བ་སུས་སྔོན་

ལ་མཐོང་མཁན་དེ་བྱ་ཡི་རྒྱལ་པོར་བསྐོ་བཞག་བྱས་ན་

བསམ་འཆར་ག་རེ་འདུུག་གམ་ ཞེས་གྲོས་དྲིིས་པས་ཚང་མ་

ཐུུག་པ་འཁོལ་བའི་སྒང་ལ་ཆུ་གྲང་མོ་བླུགས་པ་ལྟར་གྱུར་ཏེ་

མགྲིན་གཅིག་ཏུུ་མོས་མཐུན་བྱས་ སང་ཞོགས་ནམ་གསལ་

མ་ཐག་བྱ་དམངས་རྣམས་འཛོམས་ཏེ་ཤར་རི་མཐོན་པོའིི་རྩེ་

ལ་མིག་ཅེ་རེེེར་བལྟས་ནས་བསྡད་ཡོད་ཅིིང་རང་ཉིད་ཀྱིིས་ཉིི་མ་

ཤར་བ་སྔོན་ལ་མཐོང་བའིི་འབད་བརྩོན་བྱེད་ཀྱིི་ཡོོད་ སྐབས་

Page 18: Chungchung

12 13

དེར་སྤྱང་གྲུུང་ལྡན་པའི་འང་གུུས་ནུུབ་རིའིི་ལྡེེབས་ལ་བལྟས་ནས་

བསྡད་པ་རེད་ ཁུུ་བྱུུག་གི་བསམ་པར་ ཉི་མ་ཤར་ནས་ཤར་གིྱ་

ཡོད་ཀྱང་འང་གུུ་ནུུབ་ལ་ལྟ་དགོས་དོན་གང་ཡིན་ནམ་སྙམ་

གང་ཙམ་ནས་ནུབ་ཕྱོགས་སྤང་རིའིི་ལྡེེབས་ལ་ཉི་མའིི་འོོད་

ཟེར་སེར་ལྷག་གེར་ཤར་བ་ན་ འང་གུས་ལམ་སེང་ཉིི་མ་ཤར་

སོང་ཞེེས་སྐད་རྒྱག་རྩིས་བྱེད་སྐབས་ཁུ་བྱུུག་གིས་གནས་ཚུུལ་

དེ་ཤེེས་ཏེ་སྔོོན་ཚུུད་ནས་གྲ་སྒྲིག་བྱས་པའི་རྩམ་པ་དེ་ལམ་

སེང་འང་གུུའུུ་ཁའི་ནང་བཤོས་ནས་ ཨ་ཇོ་འང་གུུ་རྩམ་པ་

འགོམས་ ཉི་མ་ཤར་བ་ངས་མཐོང་ ཉིི་མ་ཤར་བ་ངས་མཐོང་

ཞེས་སྐད་བརྒྱབ་པ་ན་ འང་གུ་ནི་ཁ་རྩམ་པས་འགགས་

ཏེ་ འུུང་གུུ་འུུང་གུུ་ ཟེར་རྒྱུ་ཙམ་ལས་མེད་པ་ཆགས་པས་བྱ་

གཞན་རྣམས་ཀྱིས་ཁུུ་བྱུུག་གིས་ཉིི་མ་ཤར་བ་དང་པོ་མཐོང་བ་

རེད་བསམ་ནས་བྱ་རྒྱལ་ལ་བསྐོས་པ་རེད་ ཁུུ་བྱུུག་བྱ་རྒྱལ་དུུ་

བསྐོས་པ་དང་བྱ་ཁྲིམས་གང་མང་གཏན་འབེབས་བྱས་ཤིང་ དཔྱིད་

Page 19: Chungchung

14

མཇུུག་དང་དབྱར་སྟོད་དུུ་ཁུུ་བྱུུག་མོན་ནས་སླེབས་ཏེ་གསུང་བྱོན་

རན་པའི་དུུས་སུུ་བྱ་གཞན་རྣམས་ཤིང་སྡོོང་དང་རིའིི་རྩེེ་ལ་སྡོད་

ཆོག་གིི་མེེད་པར་རི་འདབས་དང་ས་ལ་བབས་ནས་སྡོད་ཀྱིི་ཡོོད་

པ་ང་ཚོའིི་མིི་རབས་གོང་མ་རྣམས་ཀྱིས་ཡ་མཚན་བྱེད་མིི་

དགོོས་པར་མཐོང་ཆོས་སུ་ཡོད་ནའང་དེང་སྐབས་བྱ་ཁྲིམས་རྟ་རྔ་

ཙམ་ཞིག་ཉམས་པས་བྱ་རྣམས་རི་འདབས་དང་ས་སྟེང་ལ་ཆེད་

དུུ་འབབ་ཀྱི་མེེད་པ་དེ་ལྟར་ཡིན་ཚུུལ་བརྗོད་ཀྱིི་ཡོོད་ བྱ་རྒྱལ་

འདེམས་རྒྱུ་དེ་རྩོོད་རྙོོག་མེད་པའི་སྒོོ་ནས་ལེགས་གྲུུབ་བྱུང་བར་

བྱ་རྣམས་ཀྱིས་སྤུུ་ཤུུད་ཀྱི་བློོ་གྲོོས་ལ་བསྔགས་བརྗོད་ཆེན་པོ་

བྱས་ཏེ་བྱ་སྤུུ་ཤུུད་དེ་བྱ་ཡི་དྲུུང་ཡིག་ཏུུ་བསྐོ་བཞག་བྱས་པ་རེད་

དེར་བརྟེན་མིི་རྣམས་ཀྱིས་སྤུུ་ཤུུད་ཀྱི་མཆུ་ཏོ་རིིང་པོོ་དེེ་དྲུུང་ཡིག་

གིི་སྨྱུ་གུུ་ཡིན་ཚུལ་བརྗོད་ཀྱིི་ཡོོད༌།

------ ཕ་ཡུལ་ནང་ཐོན་

Page 20: Chungchung

14

ལེ་ལོོ་ཅན་གྱི་ཙིི་ཙིི་སྒམ་པོ་

15

༄་།གནའ་སྔ་མོ་གྲོོང་གསེབ་ཀྱིི་

ལྕང་རྭ་སྟུག་པོའིི་ནང་བྱ་སྐྱ་ཀ་དང་ཙིི་ཙིི་སྒམ་

པོ་ཞིིག་ཁྱིིམ་མཚེས་བྱས་ནས་གནས་ཡོད་པ་རེད་ ཡིན་ནའང་

ཁོང་གཉིས་ཀྱིི་བྱ་སྤྱོད་ལ་ཁྱད་པར་ཤིན་ཏུུ་ཆེ་སྟེེ་ སྒམ་པོས་

ཉིིན་ལྟར་ལྟོ་གྲོོད་པ་ཁེངས་ཙམ་བྱུང་ན་སྐྱིད་ཉལ་

གློད་ནས་སྡོད་པ་དང་སྐྱ་ཀ་ནི་ཉིིན་ལྟར་ཞོགས་པ་སྔ་པོོ་ནས་

ཡར་ལངས་ཏེ་རང་ཉིད་ཀྱིི་ཚང་དྲོ་སོོབ་སོོབ་བཟོ་རྒྱུ་དང་ཉིན་སྒང་

བཟས་ཙམ་མ་ཟད་དགུན་གྱི་ཁ་ཟས་ཀྱང་གྲ་སྒྲིག་བྱེད་ཀྱིིན་

ཡོད་པ་རེད་ ཉིན་ཞིིག་སྐྱ་ཀས་ཙི་ཙིི་སྒམ་པོའིི་སར་ཕྱིན་ནས་

གྲོགས་པོ་མ་ཉོལ་གྲོགས་པོ་ཡར་ལ་ལོངས་ གནམ་གཤིས་

ཡག་དུས་ཚང་ཞིིག་བཟོས་ན་ལེགས་ ཞེས་བཤད་པས་སྒམ་

པོས་ཚུར་ཁ་སློག་ནས་ མི་ཚེེ་ཞིི་མིིའིིི་ཨ་སྟོང་ཙམ་ཞིག་ལ་

བྲེལ་བྲེལ་འཚུབ་འཚུབ་བྱས་པས་ཅི་ཞིིག་ཡོང་ གནམ་གཤིས་

Page 21: Chungchung

16 17

ཡག་དུས་ཉལ་ན་སྐྱིད་ཤོོས་རེེད་ ཅེས་བཤད་ནས་ཚང་བཟོ་

རྩིིས་མ་བྱས་ དེ་ནས་ཉིན་ཤས་སོང་རྗེེས་ གྲང་རླུང་འུུར་འུུར་དུ་

རྒྱག་འགོ་ཚུུགས་པ་དང་གསེར་མདོག་ཅན་གྱི་ཤིིང་ལོ་རྣམས་

ས་ལ་གཡུག་པའི་འགོ་ཚུུགས་ ཉིན་ཤས་རྗེས་སྐྱ་ཀས་སེམས་

ཀྱིིས་མ་བཟོད་པར་ཁྱིམ་མཚེས་སྒམ་པོའིི་འཁྲིིས་སུ་ཕྱིན་

ནས་སྨྲས་པ་ ཁྱིམ་མཚེས་སྒམ་པོ་སྐྱིིད་ཉལ་གློད་རང་དྲགས་ན་

ཉིིན་ཞིིག་འགྱོད་པ་སྐྱེས་པའི་དུུས་ཤིག་ཀྱང་ཤར་ཡོང་ ད་ནི་མ་

ཉལ་ཚང་ཁྱིིམ་ལེགས་པོ་ཞིིག་བཟོས་དང་ ཁྱིམ་མཚེས་ངས་

ཀྱང་ཁྱེད་ལ་རོགས་པ་ཞིག་བྱེེད་ཆོག་ ཅེས་བཤད་ སྒམ་པོས་

སླར་ཡང་ ཉི་མ་སྐྱིད་དུུས་ཉལ་ན་སྐྱིད་ཤོོས་རེེད་ ཚང་ཞིིག་བཟོ་

བར་བྲེལ་བ་དེ་འདྲ་ཅི་ ཞེས་བཤད་དེ་སྐྱིིད་ཉལ་གློད་དེེ་ཉལ་ལོ་

ཉིིན་ཞིིག་གིི་མཚན་མོ་གྲང་རླུང་ཤིན་ཏུུ་ལྡང་བ་དང་གངས་མ་

ཆར་བབས་བྱུང་བས་སྒམ་པོ་འཁྱག་སྟེ་ཁ་འདར་ཤོར་གྱིིན་ ཨ་

Page 22: Chungchung

16 17

ཆུུ་ཨ་ཆུུ་དེ་འདྲའིི་གྲང་བ་ལ་ སང་ཉིན་ཚང་ཞིག་སེམས་ཐག་

བཅད་དེ་བཟོ་ ཨ་ཆུ་ཨ་ཆུ་དེ་འདྲའིི་གྲང་བ་ལ་ ཞེས་མཚན་

གང་གཉིད་མ་བྱུང་བར་འཁྱག་སྟེ་ལུུས་ ཕྱི་ཉིིན་ཤར་རིའིི་རྩེེ་

ནས་ཉིི་འོོད་འཕྲོ་མ་ཐག་གཞི་ནས་སྒམ་པོའིི་ལུུས་ལ་དྲོད་

ཁུུག་ནས་སྐྱིད་པའིི་གཉིིད་ལ་རོལ་འགོ་ཚུུགས་ སྐྱ་ཀ་སྔ་པོ་

ནས་ལངས་ཏེ་སྔ་ས་ནས་གྲ་སྒྲིག་བྱས་པའི་ཤིིང་ཧྲུག་རྣམས་ཚང་

གིི་ཕྱིི་ལ་བརྩིགས་པ་དང་དེ་རྗེེས་རྩྭ་སྐམ་པོ་རྣམས་བཏིང་

དེའིི་སྟེེང་སྤུུ་འཇམ་གང་ས་ནས་སྒྲུག་པ་རྣམས་བཏིང་ནས་དྲོ་ཞིིང་

སྐྱིིད་པའིི་ཚང་ཞིིག་བཟོས་ཡོད་པའིི་ཐོོག་ད་དུུང་ ཕྱིའིི་ཤིིིང་ཧྲུག་

སྟེང་དུུ་འདམ་བག་ཁ་གང་ཙམ་བྱས་ནས་འཁྱེར་ཡོང་བ་རྣམས་

ཞིིབ་ཚགས་པོས་བསྒྲིགས་ནས་ཚང་དེའིི་དབྱིིབས་ནི་གྲོོང་གསེབ་

པའི་ཁོོག་མ་འདྲ་བ་ཞིག་བཟོས་ཡོད་ གནམ་གཤིས་ནིི་ཉིིན་

རེ་ལས་མི་སྡོོད་པར་གྲང་དུུ་འགྲོ་བ་དང་རླུང་བུུ་ནི་སྤུུ་གྲི་བཙུགས་

Page 23: Chungchung

18

པ་ལྟར་རྒྱག་གི་ཡོོད་ ཉིན་ཞིིག་མཚན་མོ་ཁ་བ་ལྷབ་ལྟུུབ་

ཏུ་བབས་ཡོང་བས་སྐྱ་ཀ་ནི་དྲོོ་ཞིིང་འཇམ་པའི་ཚང་ནང་སྐྱིད་པའི་

གཉིིད་ལ་ཡུར་ནས་གནས་སོ་ ལེ་ལོ་ཅན་གྱི་ཙིི་ཙིི་སྒམ་པོ་

ནིི་ འཁྱག་ནས་ལུས་པོ་ཡོོངས་འདར་བཞིན་ ཨ་ཙི་ཨ་ཙི་དེེ་

འདྲའིི་གྲང་བ་ལ་ སང་ཉིན་ཚང་ཞིིག་སེམས་ཐག་བཅད་དེ་བཟོ་

དོ་ནུུབ་ཚེ་སྲོག་མ་ཤོར་དཀོན་མཆོག་མཁྱེན་ ཞེས་ཤོད་ཀྱིིན་

ཤོད་ཀྱིིན་སྐད་ཤུུགས་ཀྱང་ཆུུང་དུུ་ཆུུང་དུུ་ཕྱིན་ནས་མཐར་འགུུལ་

རྒྱུ་མེད་པར་གྱུར་ དེའིི་ནུུབ་མོ་མཚན་གང་གངས་བབས་ནས་

ཞོགས་པ་ས་གཞི་ཆེེན་པོས་དར་གོས་དཀར་གཙང་གྱོན་པ་ལྟར་

གྱུར་ཡོད་པས་སྐྱ་ཀ་གཉིད་སད་ནས་ཕྱིར་འདོན་ཡོང་དུས་ཧངས་

སངས་ཏེ་ འ་ཙི་ དེེ་འདྲའིི་གངས་ཆེན་པོ་བབས་འདུུག་ ཅེས་ཕར་

ལྟ་ཚུུར་ལྟ་བྱེད་དུུས་གངས་ཁྲོད་དུུ་ཉི་འོོད་འཚེར་བའི་སྟེེང་དུ་གྲོང་

ཚོའིི་བྱིིས་པ་ཆུུང་ཆུང་ཚོ་རྩེེད་མོ་རྩེད་བ་དང་བྱ་བྱིའུུ་གཞན་

Page 24: Chungchung

18

མང་པོ་ཞིིག་ཀྱང་གངས་ཁྲོད་དུུ་གླུ་དབྱངས་ལེན་བཞིན་ཡོད་ སྐྱ་

ཀ་དགའ་ཐག་ཆོད་ནས་ གངས་རྩེད་རྩེ་བར་འགྲོ་དགོས་རེེད་

ཅེས་ཤོད་བཞིིན་རང་གི་ཁྱིིམ་མཚེས་སྒམ་པོ་སྐད་གཏོང་བར་

ཕྱིིན་ སྡོང་པོའིི་ཡལ་གའི་སྟེེང་ནས་སྐད་ག་ཚོད་བརྒྱབ་ཀྱང་ཨ་

ལན་སློག་མཁན་མེད་དུུས་ ཚང་གིི་འཁྲིིས་སུུ་ཡོང་ནས་བལྟས་

པས་ཚང་དེེ་ལ་ནིི་ཐོོག་མེད་པས་གངས་ཀྱིས་ཁེངས་ཡོད་པ་དང་

སྒམ་པོ་ནིི་གངས་ཀྱི་ནང་དུུ་འདིམ་ནས་ཤི་ཚར་ཡོད་པ་རེད་ སྐྱ་

ཀ་སེམས་སྐྱོ་ཐག་ཆོད་ཀྱང་བྱེད་ཐབས་གང་ཡང་མེད་པར་རང་

གིི་ཁྱིིམ་མཚེས་དང་ཁ་བྲལ་ནས་གངས་རྩེད་རྩེ་བར་ཕྱིན་པ་

རེད༌།

19

Page 25: Chungchung

21

རི་བོོང་ཆུུང་ཆུུང་

༄་། དྲག་ཆར་དང་རླུང་འཚུུབ་བརྒྱབ་པའི་ཉིིན་ཞིིག་ རི་རྙིིལ་

བ་དང་སྤང་བརྡོལ་བརྒྱབ་ནས་ཆུུ་སྨྱོན་ནམ་མཁར་ལྡིང་བ་ལྟ་

བུུའི་གློོག་འོད་འཁྱུག་པ་སོགས་བྱས་པས་ཚང་ཚིིང་ཁྲོོད་ཀྱིི་བྱ་

བྱིིའུུ་ཡིི་ཚང་དང་གྲོག་རོང་དུུ་གནས་པའི་སྲོོག་ཆགས་ཀྱི་ཚང་

མང་པོ་ཞིིག་ཆུས་འཁྱེར་ནས་སྲོག་ཆགས་སྟོང་ཕྲག་མང་པོར་

དཀའ་སྡུུག་ཚད་ལས་འདས་པ་བྱུང་ ཆུུ་ངན་གྱི་འབུུད་ཤུུགས་དང་

ལྷན་དུུ་རི་བོོང་ཆུུང་ཆུུང་ཞིག་

སྲན་སྡོང་ཞིིག་

ལ་ཁར་བ་དང་

20

Page 26: Chungchung

21

དྲག་ཆར་འཇག་རྗེས་ཉིི་འོོད་སེེར་ལྷག་གེར་ཤར་བས་ཤི་ལ་ཁད་

ཀྱི་རིི་ཕྲུུག་དེ་ད་གཟོད་དྲོོད་འཇམ་ཉི་མའིི་འོོད་ཀྱིིས་གསོས་པར་

གྱུར་ ཁོས་གཡས་གཡོན་གང་དུུ་བལྟས་ཀྱང་རང་གི་ཨ་མ་

ཡོང་མཁན་མེད་པས་དེའིི་ནུུབ་མོ་ཚེེར་མའི་སྡོོང་པོ་ཞིིག་གིི་

འོོག་ཏུུ་སྐྱོ་སྣང་ཚད་མེད་སྐྱེ་བཞིིན་པའི་ངང་ནམ་བསྐྱལ་དགོས་

བྱུང་ ཕྱི་ཉིིན་འཁྱར་འཁྱོར་ངང་ཡར་ལངས་ཏེ་ཨ་མ་འཚོལ་

དུུ་ཕྱིན་ ཁོ་ལམ་དུ་འགྲོ་དུུས་ཤྭ་བ་ཞིག་དང་ཕྲད་པས་ཁོས་ཤྭ་

བར་ ངའི་ཨ་མ་མཐོང་བྱུང་ངམ་ ང་གང་བཟའ་དགོས་མི་ཤེེས་

པས་ཁྱེད་ཀྱིིས་བཀའ་སློབ་གནང་རོགས་ ཤྭ་བས་རྭ་ཅོ་དཀྲུུག་

ཙམ་བྱས་ཏེ་ རང་གིི་ཨ་མ་མཐོང་མ་བྱུང་ ཟས་ལ་སྤང་

རྩ་དང་ལྗོན་ཤིིང་གིི་ལོོ་མ་བཟའ་དགོས་ ཞེས་བཤད་དེ་མདུུན་དུུ་

ཕྱིན་ ཡང་རི་ཕྲུུག་དེ་སོོང་སོོང་བས་སྤྱང་ཀི་གཏུུམ་པོ་ཞིིག་དང་

ཕྲད་ རི་ཕྲུུག་གིས་གོང་ལྟར་སྤྱང་ཀིར་སྐད་ཆ་དྲིས་པས་སྤྱང་ཀིས་

Page 27: Chungchung

22 23

ད་ནི་ཟས་ཞིམ་པོ་ཁ་ལ་རག་སོང་བསམས་ནས་ ཟས་བཟའ་

ན་ཤ་ཁྲག་གང་ཞིམ་བཟའ་དགོས་ ཞེས་བཤད་ནས་རི་ཕྲུུག་

དེ་བཟའ་བར་འོང་ རིི་ཕྲུུག་གིིས་ལམ་སེང་ ཨ་ཙི་ ང་ཆུུང་

ཆུུང་འདི་འདྲ་ཁྱེད་རང་ལ་བཟའ་རིན་གང་འདུུག་གམ་ དེ་ལས་

ངའི་གཅེན་གཅུུང་ཚོ་དང་ཨ་མ་བཅས་ཁྱེད་ཀྱིི་སར་འཁྲིད་ཡོང་

ཆོག་ ཅེས་བཤད་ སྤྱང་ཀིའིི་སེེམས་ལ་ཁོས་ང་ཤ་གཟན་ཡིན་

པ་ཤེས་ཀྱིི་མིི་འདུུག་པས་ཁོའིི་ནང་ཚང་ངའིི་སར་འཁྲིད་ཡོང་སྲིིད་

སྙམ་ནས་འགྲིག་གིི་རེེེད་ བྱས་ན་རང་ཕྱིན་ནས་ལམ་དེ་རང་ལ་

ཚུར་ཡོང་དགོས་ ཞེས་བཤད་དེ་བཏང་ ཡང་ཁོ་ལ་གླང་ཆེན་ཞིིག་

ཐུག་པས་ཁོས་གོང་ལྟར་སྐད་ཆ་དྲིས་ གླང་ཆེན་གྱིིས་ ཟས་ལ་

རྩྭ་བཟའ་བ་དང་སྐོམ་ལ་ཆུུ་འཐུུང་དགོས་ དེ་ཡ་རབས་བཟང་

སྤྱོད་ཀྱིི་འཚོ་བ་ཞིིག་རེད་ ཅེས་སྨྲས་ ཡང་རི་ཕྲུུག་དེ་མདུུན་ལ་

འགྲོ་དུུས་ གཟིག་ཅིིག་གིིས་སྲོག་ཆགས་ཀྱི་ཤ་ཁྲག་ལ་ལོངས་

Page 28: Chungchung

22 23

སུ་སྤྱོད་བཞིིན་པ་མཐོང་ རིི་ཕྲུུག་གིས་ཡ་མཚན་ཆེན་པོས་

ཨ་ཁུ་ལགས་ ཁྱེད་རང་ག་རེ་མཆོད་ཀྱིི་ཡོོད་ དེ་འདྲ་མཆོད་

ན་ཡ་རབས་ཀྱི་འཚོ་བ་རེད་དམ་ཞེས་དྲིིས་ གཟིག་གིིས་ངར་སྒྲ་

སྒྲོག་བཞིན་ ག་རེའིི་ཡ་རབས་དང་མ་རབས་ ཁྱེད་ངའིི་སང་ཉིན་

གྱིི་ཁ་ཟས་གྱིས་ དེ་རིིང་ཉིིན་གཅིག་ཚེ་ཐར་བཏང་ཆོག་ཅེས་

བཤད་ རི་ཕྲུུག་དེས་མུུ་མཐུུད་མདུུན་ལ་འགྲོ་དུུས་ ངུ་སྐད་ཀྱི་སྒྲ་

ཞིིག་ཐོས་ དེའིི་ཕྱོོགས་སུུ་ལྟ་དུུས་དེ་ནིི་རང་གི་ཨ་མ་དང་གཅེན་

གཅུང་གཞན་ཚོ་རེེད་ རིི་བོོང་ཨ་མས་མིག་ཆུ་གཏོང་བཞིིན་

པའི་སྐབས་རི་ཕྲུུག་གཞན་ཚོས་ ཨ་མ་ མགྱོགས་པོ་ལྟོོས་

དང་ སུུ་ཡོང་གིི་འདུུག་ ཅེས་ལབ་ རི་བོོང་ཨ་མས་མགྱོགས་པོ་

ལྟ་དུུས་དེ་ནིི་རང་གི་སྙིིང་གིི་ནོོར་བུུ་དེ་ཡིིན་པ་མཐོང་བས་དགའ་

ཐག་ཆོད་དེེ་ ངའིི་ཕྲུུ་གུུ་ ཞེས་ཤོད་བཞིིན་ རིི་ཕྲུུག་ལ་དམ་པོར་

འཐམས་ དེ་ནས་རི་ཕྲུུག་གིས་རང་ལ་བྱུུང་བའི་གནས་ཚུུལ་

Page 29: Chungchung

24 25

རྣམས་བཤད་པས་རི་བོོང་ཨ་མས་ངས་ད་བར་ཕྲུུ་གུུར་བསླབ་

དགོས་པའི་ཤེེས་བྱ་ཁ་ཤས་མ་བསླབ་པ་དེས་ཕྲུུ་གུུའི་སྲོོག་ཤོར་

གྲབས་བྱས་འདུུག་པས་ད་ནི་ངས་ང་ཚོ་སྲོོག་ཆགས་ཀྱི་སྐོོར་གང་

ཤེས་ཕྲུུ་གུུ་ཚོར་ངོོ་སྤྲོོད་བྱ་དགོས་འདུུག་སྙམ་ནས་ ང་ཚོ་གནས་

སའི་སྲོོག་ཆགས་དེ་ཚོར་དབྱེ་བ་ཆེ་ཁག་གཉིས་ཡོད་ དེ་དག་ནི་

རྩྭ་བཟས་ནས་འཚོ་བ་སྐྱེལ་མཁན་ལ་རྩྭ་གཟན་སེམས་

ཅན་དང་སེམས་ཅན་གཞན་བསད་ནས་ཤ་ཁྲག་ལ་ལོངས་སུ་

སྤྱོད་མཁན་ལ་ཤ་གཟན་སེམས་ཅན་ཟེར་ སྟག་དང་གཟིག་

སྤྱང་ཀི་སོོགས་ནི་ཤ་གཟན་སེམས་ཅན་རེད་ ང་ཚོས་ཁོང་ཚོར་

དོགས་ཟོན་བྱེད་དགོས་ གླང་ཆེན་དང་ཤ་བ་ གླ་བ་ སོགས་ནི་

རྩྭ་ཟན་སེམས་ཅན་རེད་ ཁོང་ཚོས་ང་ཚོར་གནོད་འཚེ་བྱེེད་མིི་

སྲིིད་ ང་ཚོ་རིི་བོོང་གིི་འཚོ་བ་ནིི་རྩྭ་བཟའ་བ་དང་ཆུུ་འཐུུང་བ་ཁོ་

ན་ཡིན་ ཞེས་བཤད་ དེ་ནས་རི་བོོང་དང་རིི་ཕྲུུག་རྣམས་མཉམ་

Page 30: Chungchung

24 25

འཛོམས་བྱུང་ནས་དགའ་ཞིང་སྐྱིིད་པའིི་ཐོོག་ རི་ཕྲུུག་ཚོས་སྲོག་

ཆགས་སེམས་ཅན་ཚོའིི་འཚོ་བར་དབྱེ་ཞིིབ་དང་དོ་སྣང་གང་མང་

བྱེད་བཞིིན་གནས་སོ༌།

Page 31: Chungchung

བྱིའུུ་

༄་།ཉིིན་ཞིིག་ཁང་བྱིའུུ་ཞིིག་གཞས་གཏོང་གིིན་ལྕང་གླིང་གྲུུ་

བཞིིའིིི་ནང་རྩེད་མོ་རྩེེ་བར་ཕྱིན་ ཡ་མཚན་པ་ལ་ སྔོ་ལྗང་

ཅན་གྱི་ལྕང་གླིང་དེེ་ནིི་ལོོ་མ་

སེར་པོར་གྱུར་ནས་གཡས་

གཡོན་ཚང་མ་ཁུུ་སིམ་མེར་

གནས་ཡོད་ གློ་བུུར་དུུ་རླུང་བསིལ་

ཞིིག་གིིས་ལོ་མ་སེར་པོ་རྣམས་དབྱར་སྟོད་ཕྱེ་མ་ལེབ་ཀྱིིས་བྲོ་

གར་འཁྲབ་པ་ལྟར་ལྷབ་ལྟུབ་ས་སྟེང་དུུ་གཡུུག་ ཁོས་བྱ་བྱིའུུ་

ཡིི་གླུ་དབྱངས་ཐོས་རྒྱུ་མེད་པ་དང་རླུང་བུུ་གྲང་ཤུུར་དེ་འདྲ་གང་བྱས་

པ་ཡིན་ནམ་སྙམ་སྐབས་ སྐྱ་ཀ་ཞིག་གིིས་ ཁང་བྱིའུུ་ལགས་

བཀྲིས་བདེ་ལེེགས་ ཞེས་བཤད་ ཁང་བྱིའུུ་ཡིིས་ ཨ་ཇོ་སྐྱ་

ཀ་ལགས་ ང་ཚོོ་ཉིིན་ཤས་རིང་འབྲུུ་རིིིགས་གསོག་

འཇོག་བྱེད་པར་འགྲོ་རིིང་ལྕང་གླིང་ལ་འགྱུར་བ་ཆེན་

26

Page 32: Chungchung

པོ་དེེ་འདྲ་ཕྱིན་འདུུག་ ད་དུུང་གྲོགས་པོ་དང་གྲོགས་མོ་རྣམས་

མཐོང་རྒྱུ་མེད་པ་གང་ཡིན་ནམ་ ཞེས་བཤད་ སྐྱ་ཀས་ བུུ་རང་

ད་ལོ་དབྱར་སྟོད་སྒོ་ང་ནས་ཐོན་ཙམ་ཡིན་པས་ཁག་མེད་ ལྕང་

གླིིང་འདིི་ནམ་དུས་བཞིར་བརྟེན་ནས་འགྱུར་བ་འགྲོ་གིི་ཡོད་ ད་

ལྟ་སྟོན་ཀ་ཤར་བ་དང་གནམ་གཤིས་ཉིིན་རེ་བཞིིན་གྲང་དུུ་ཕྱིན་

ནས་དགུན་ཁ་ཤར་འགོ་ཚུགས་ཡོང་ ང་ཚོའིི་གྲོོགས་པོ་པིིང་

སྐྱུར་དང་ཁུུ་བྱུུག་སོགས་ནིི་ལྷོོ་ཕྱོོགས་ཀྱི་གནམ་གཤིས་དྲོ་སར་

ལོག་པ་དང་གྲོགས་པོ་ཁག་གཅིག་ས་འོག་ཏུུ་དགུུན་ཉལ་བྱེད་

པར་བསྐྱོད་པ་རེད་ དུུས་སང་དཔྱིད་ཀ་ཤར་མཚམས་གཞི་ནས་

ཁོང་ཚོ་ཚུར་ལོག་ཡོང་གིི་ཡོོད་ ཅེས་བཤད་ ཁང་བྱིའུུ་ཡིིས་

དགུུན་ཉལ་ཟེར་ན་གང་ཡིན་ནམ་ཞེས་དྲིིས་ སྐྱ་ཀས་ དགུུན་

དུུས་ཀྱི་ཟླ་བ་གཉིས་གསུམ་ས་འོག་ཏུུ་ཤི་བ་ལྟར་གཉིད་ཁུུག་

པ་དེར་ཟེར་ རང་ཡིད་མ་ཆེས་ན་ལྟོས་དང་ ཤིང་སྡོོང་གིི་སེེེར་ཀ་

27

Page 33: Chungchung

28 29

དང་ཨི་ཁུང་ནང་འབུུ་སྲིན་གྱིི་རིིིགས་མང་པོ་དགུུན་ཉལ་བྱེད་ཀྱིི་

ཡོོད་ཅེས་བཤད་ ཁང་བྱིའུུ་ཡིིས་རང་གིི་ཉེེ་འཁྲིིས་སུ་ཡོད་པའིི་

ཤིིིང་སྡོོང་ཆེན་པོ་དེེའིིི་སེེེར་ཀའི་ནང་འབུ་ཆུུང་ཆུུང་ཁྱུུ་གཅིག་ཤིི་བ་

ལྟར་གཉིད་ཁུུག་ཡོད་པ་མཐོང་ ཁོས་སྤྲོ་སྣང་ཆེན་པོས་ དངོས་

འབྲེལ་རང་འདུུག་ ཨ་ཇོ་སྐྱ་ཀ་ལགས་ བྱས་ན་ཁྱེད་དང་ང་ཚོའིི་

རིིིགས་དགུུན་ཉལ་བྱེད་པར་གང་དུུ་འགྲོ་དགོས་སམ་ ཞེས་དྲིིས་

སྐྱ་ཀས་ རྒད་མོ་དགོད་བཞིིན་ བུུ་ཁ་བདེ་བ་རང་ཡིན་ན་ ཁྱེད་

ཚོ་ཁང་བྱིའུུ་རིིགས་ཀྱིས་བྱིིའུུ་ཚང་མིི་ཁྱིིམ་གྱིི་ཁང་གཡབ་དང་

ཕྱུགས་ཟོག་རྭ་བ་སོགས་སུ་བཟོ་གིི་ཡོོད་ཙང་དགུུན་དུུས་དྲོ་པོོ་

ཡོོད་ ང་ཚོ་སྐྱ་ཀའི་རིིགས་ཀིྱ་བྱ་ཚང་ཤིིང་སྡོོང་མཐོན་པོར་ཡོད་

ཀྱང་སྔ་ས་ནས་བྱ་ཚང་དྲོ་སོོབ་སོོབ་བཟོས་ཙང་དགུུན་དུུས་གངས་

རླུང་ལྡང་ཡང་ཚང་ནང་དྲོ་པོོ་ཡོོད་ བྱས་ཙང་ང་རང་ཚོའིི་རིིིགས་

གནས་སྤོས་བྱེད་མིི་དགོས་པའི་བྱ་ཡིན་སྟབས་མི་ཚོོས་གཏན་

Page 34: Chungchung

28 29

སྡོད་བྱ་ཡང་ཟེར་ ཞེས་བཤད་ ཁང་བྱིའུུ་ཡིིས་ ཨ་ཇོ་སྐྱ་ཀ་

ལགས་ ཐུུགས་རྗེ་ཆེ་ ཁྱེད་ཀྱིིས་ང་ལ་གནས་ལུུགས་མང་པོ་

གསུངས་བྱུང་བས་ད་ངས་གཞི་ནས་ཤེས་སོང་ ངའི་ཨ་མ་ལགས་

ཀྱིས་རྟག་པར་ཕྱི་ནས་སྤུུ་སྙིགས་དང་རྩྭ་སྐམ་བསྒྲུགས་ནས་

བྱིའུུ་ཚང་བཟོ་བཞིིན་འདུུག་པས་ང་ཁོང་ལ་རོགས་པ་བྱེད་དུུ་འགྲོ་

གིི་ཡིིན་ ཞེས་བཤད་དེ་འཕུུར་ཕྱིནད་ཏོ༌།

Page 35: Chungchung

31

ངའི་སྤོོ་ལགས་

༄་།ངའི་ནང་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་

གཞིིས་ཆགས་སུུ་ཡོད་ཅིིང་དེེ་

གའི་ས་ཁུལ་ནི་འཛམ་

གླིང་དཀྱིིལ་ཐིིག་ས་

ཁུལ་དང་ཉེ་བས་གནམ་

གཤིས་ཚ་བ་ཆེན་པོ་ཡོད་པ་རེད་ ཡིིན་ནའང་ང་རང་ཆུང་དུུས་

ནས་འཚར་ལོངས་བྱུང་ས་ཞིག་ཡིིན་པས་ས་ཆ་དེར་མི་དགའ་བ་

མེད་ལ་ང་རང་དགའ་ཤོས་ནིི་སྤོོ་ལགས་ཀྱིས་བཏབ་གནང་བའི་

ཤིིང་འབྲས་དང་མེ་ཏོོག་སྔོ་ཚལ་གྱིི་རིིིགས་རྣམས་ཡིན་ ང་

ཚོའིི་ཁང་པ་ནི་ཐོོག་གཅིག་མ་ཡིན་པ་དང་མདུུན་དུུ་སྒོ་

རྭ་ཆེན་པོོ་ཞིིག་རྩི་ཤིིང་གིི་རྭ་བས་ཡོངས་སུ་བསྐོར་

30

Page 36: Chungchung

31

ཐོག་ཐག་འཁྱུད་ཚལ་རིིགས་ཁག་སྣ་ཚོགས་ཀྱིས་འཁྱུད་པ་

ཞིག་ཡོད་ སྒོ་རྭའིི་མདོ་ལ་ཨམ་གྱི་སྡོོང་པོ་དང་ལི་ཆིི་སྡོོང་

པོ་ ཨམ་རུ་སྡོང་པོོ་སོོགས་སྡོང་པོོ་མང་པོ་ཡོད་པའིི་ཁར་ སྒོ་

རྭའིི་དཀྱིིལ་གྱིི་ལམ་གཡས་གཡོན་གཉིས་ལ་ཚལ་ཞིིང་ཡོད་

པས་དེའིི་ཚལ་རིིགས་སྣ་ཚོགས་སྔོ་ཐིིང་ཐིིང་དུུ་སྐྱེས་ཀྱིི་ཡོོད་པ་དང་

སྒེ་ཁུུང་མདུུན་ལ་མེ་ཏོོག་རྒྱ་སེ་དང་ སྐལ་བཟང་མེ་ཏོོག་ ཡང་

ཅུན་སོགས་མེ་ཏོོག་རྣམས་རབ་ཏུུ་བཞད་པའི་ཐོོག་སྦྲང་ནོར་

བུུས་ཟིར་ཟིིར་ཞེེས་གཅིག་གིི་སྟེེེང་ནས་གཅིག་ལ་འཕུར་འགྲོ་

གིི་འདུུག་ ཤིང་འབྲས་ཀྱིི་སྡོོང་པོོ་དེེ་རྣམས་རང་རང་སྨིན་པའི་དུུས་

ལ་འབྲས་བུ་གཡུར་དུུ་ཟ་བ་བཏགས་ཏེ་ཡལ་ག་འབྲས་བུུས་

འཐེན་ནས་ཐུར་དུུ་དཔྱང་ནས་སྡོད་པ་དང་ འབྲས་བུ་དེ་ཚོ་ཟ་དུས་

ཁྲོམ་ནས་ཉོས་པའི་ཤིིང་འབྲས་དང་མི་འདྲ་བར་དམིགས་བསལ་

གྱི་རོོ་བཅུད་ཞིག་བྲོ་ཡོང་གིི་འདུུག་ གང་ཡིན་ཟེར་ན་དེ་ཚོོ་

Page 37: Chungchung

33

སོོ་སོོ་རང་གི་ལག་པ་ནས་སྨིིན་པ་ཡིན་པས་རེད་ ང་རང་གཞིས་

ཆགས་ཀྱི་སློོབ་གྲྭར་འགྲོ་དུུས་རེས་གཟའ་སྤེན་པ་གཉིས་པ་དང་

རེས་གཟའ་ཉི་མ་གང་ཡིིན་ལ་སྤོ་ལགས་ལ་མེ་ཏོོག་དང་སྔོ་

ཚལ་འདེབས་རོགས་དང་ཡུུར་མ་རྒྱག་རོགས་ རྩྭ་ངན་བཀོག་

རོགས་སོགས་གང་ཐུུབ་ཞུུ་གིི་ཡོོད་ དེ་ལྟར་བྱས་ན་གཅིག་ནས་

ལུུས་པོར་སྦྱོང་བརྡར་ཐེབས་པ་དང་ གཉིས་ནས་སློབ་སྦྱོང་གིི་བར་

སེང་ལ་སེམས་པ་གུ་ཡངས་པོ་ཆགས་པ་ གསུམ་ནས་སློབ་

ཚན་གྱིི་འབྲེལ་ཡོད་ཐ་སྙད་གསར་པ་ཤེས་པར་མ་ཟད་རྩི་ཤིིང་

སྐོོར་གྱིི་ཤེེེས་བྱ་མི་ཉུུང་བ་ཞིག་དངོས་སུ་ཤེས་ཐུུབ་ཀྱི་འདུུག་ ངའི་

སྤོ་ལགས་ནི་སྔོོ་ཚལ་འདེབས་རྒྱུར་དགའ་ལ་འདེབས་ལས་ཀྱང་

ཤིིན་ཏུུ་མཁས་པས་ལོ་ལྟར་ཕྱི་ནས་ཚལ་རིིགས་མང་པོ་ཉོ་

མིི་དགོས་པ་ཡོང་གིི་ཡོོད་ ཉིན་གཅིག་ངས་སྤོ་ལགས་ལ་

ཁྱེད་རང་རྩི་ཤིིང་འདེབས་ལས་ལ་མཉེས་པོ་འདིི་འདྲས་གནང་

32

Page 38: Chungchung

33

དགོས་དོོན་གང་ཡིན་ནམ་ཞེས་ཞུུ་སྐབས་ ཁོང་གིིས་ངའིི་མགོ་

ལ་བྱིལ་བྱིིལ་གནང་བཞིན་གསུུངས་དོན་ ང་རང་འཚར་ལོངས་

བྱུང་ས་དེ་ང་ཚོའིི་ཕ་ཡུལ་བོད་རྒྱལ་ཁབ་ཀྱི་ཡ་རྒྱལ་ཡར་

ཀླུང་ཁུུལ་གྱི་གྲོོང་གསེབ་ཞིིག་ནས་ཡིན་ ངའི་ཕ་མ་གཉིས་

ནིི་མིི་ཚང་ཆེན་པ་ཞིག་གིི་ཁྲལ་པ་རེད་ ཡིན་ནའི་ཞོོར་ལ་

ང་ཚོས་ས་ཞིང་འབོག་མར་ལེན་ཏེ་ཞིིང་ལས་ཧུར་ཐག་བྱས་

པ་དང་ང་རང་ཡང་ཕ་མ་གཉིས་ལ་ཞིང་ལས་བྱེད་རོགས་བྱེད་ཀྱིི་

ཡོོད་པས་ང་ཚོའིི་ཚོོ་བ་ཡང་མི་དམན་ཙམ་ཡོད་ བྱས་ཙང་

ཆུང་དུུས་ནས་ས་ཞིང་འདེབས་ལས་བྱེད་རྒྱུའི་ཉམས་མྱོང་ཡོད་པ་

དང་སྔོ་ལྗང་ཅན་གྱི་རྩིི་ཤིིིང་མཐོང་དུུས་ང་རང་སེམས་པ་ཞེ་དྲག་

སྐྱིིད་པོོ་འདུུག་ ཅེས་གསུངས་བྱུང་ ཉིན་ཞིིག་གིི་རེེེས་གཟའ་ཉི་

མར་སྤོ་ལགས་ངེད་གཉིས་ཐག་འཁྱུད་སྔོ་ཚལ་རིིགས་ལ་ཐག་

པ་དང་རྒྱུག་པ་སོགས་གཏོང་བཞིིན་པའི་སྐབས་ལ་ ཨ་ཁུ་བློ་

Page 39: Chungchung

34 35

བཟང་ལགས་ཀྱིས་སྒོ་རྭའིི་ཕྱིི་ཡིི་སྔོོ་ལྗང་ལོ་མའིི་གསེང་ནས་

མགུུལ་བརྐྱངས་གནང་སྟེ་མཛུུམ་མདངས་རྒྱས་པའི་ངང་ པ་བློ་

གྲོོས་ལགས་ ཁྱེད་རང་གི་སྔོོ་ཚལ་དང་ཤིང་འབྲས་ སྡོང་པོ་དེེ་ཚོོ་

དཔེེ་རང་གི་འཚར་ལོངས་ཡག་པོ་བྱུང་འདུུག་ག་ ཁ་སྔོན་ཁྱེད་

ཀྱིིས་གནང་བའི་སྔོོ་ཚལ་གྱི་ས་བོན་དེ་ངས་བཏབ་པས་ད་ལྟ་སྔོ་

ཐིིང་ཐིིང་ཆགས་ཡོད་ ཅེས་གསུངས་ སྤོ་ལགས་ཀྱིས་ཁོང་སོྒ་

རྭའིི་ནང་གདན་འདྲེན་ཞུུས་ནས་ཞབས་སྟེགས་ཐོག་བཞུུགས་སུུ་

བཅུག་པ་དང་སྔོ་ཚལ་ལ་གཡོག་བྱེད་སྟངས་ཞིབ་མོར་གསུངས་

གནང་སོང་ ཡང་ཨ་ཁུ་བློ་བཟང་ལགས་ཀྱིས་ངས་བཀྱག་པའི་

གསོལ་ཇ་དེ་ཕྱག་ལ་བཞེས་ཞོར་ ང་ཚོ་གཞིིས་ཆགས་ཚུུགས་

ནས་ལོ་གཅིིག་ལས་མ་ཕྱིན་གོང་ཁྱེེད་ཀྱིིས་སྒོ་རྭའིི་ནང་མེ་

ཏོོག་ཧ་ཅང་མང་པོ་བཏབ་གནང་བ་དང་ཡང་ལོ་གཉིིས་འགྲོ་དུུས་

ཁྱེད་ཀྱིིས་ཨམ་གྱི་སྡོོང་པོ་དང་ཨམ་རུ་ ལི་ཆིི་སོོགས་རིྩ་

Page 40: Chungchung

34 35

ཤིིང་འདེེབས་འཛུགས་བྱེད་དུུས་ང་ཚོ་མིི་མང་པོ་ཞིིག་གིིས་ཁྱེད་

རང་ལ་རྩི་ཤིིང་འདིི་འདྲས་བཏབ་ནས་གང་ཡོང་ ང་ཆོ་ནིི་བོོད་ལ་

ལོག་མཁན་ཡིན་པ་ལས་ས་ཆ་འདིིར་གཞིས་ཆགས་ནས་

སྡོད་མཁན་ནི་མ་རེད་ ཅེས་བཤད་མྱོང་ འོན་ཀྱང་ད་ཆ་ཁྱེད་

རང་གིིས་བཏབ་པའི་སྡོོང་པོ་དེེ་ཚོོ་ཆེེན་པོ་འདིི་འདྲ་ཆགས་ཀྱང་ང་

ཚོ་ད་དུུང་བོད་ལ་ལོག་རྒྱུ་བྱུུང་མ་སོང་ ཞེས་ཞལ་ནས་སྐྱོ་བའིི་

མདངས་དང་ལྷན་དུུ་དབུུགས་རིང་ཞིིག་ཀྱང་བཏང་སྟེ་གསུངས་སོ་ ངའིི་

སྤོོ་ལགས་ཀྱིིས་དགའ་སྐྱོ་ཟུུང་འབྲེལ་གྱི་རྣམ་འགྱུར་ཐོག་ནས་

ངས་དེ་དུུས་ཁྱེད་ཚོར་ཞུུས་མ་སོང་ངམ་ ང་ཚོ་བོོད་ལ་ལོག་རྒྱུ་བྱུུང་

ནའང་སྡོང་པོ་འདིི་ཚོོས་མིི་དང་ཡང་ན་སྲོག་ཆགས་གཞན་ཚོར་

ཕན་སྡོད་ཀྱིི་རེེེད་པ་ཞེས་ མ་ཟད་དེང་སང་བོད་དོོན་གསར་འགྱུར་

ཡག་པོ་ཞེ་དྲག་འདུུག་ ང་ཚོ་དངོོས་གནས་མགྱོགས་པོ་བོོད་ལ་

ལོག་རྒྱུ་ཡོང་གིི་ཡོོད་འདུུག་ ཞེས་སོགས་ཁོང་གཉིས་སྔ་རྒྱུས་

Page 41: Chungchung

36 37

ད་རྒྱུས་མང་པོ་གསུངས་ནས་བཞུུགས་སོང་བས་ང་རང་ཡང་རང་སྦྱོང་

བྱེེད་དུུ་སོང་བ་ཡིིན་ ངས་ཁོང་རྣམ་གཉིས་ཀྱིིས་བཀའ་མོལ་

གསུང་བ་རྒྱུད་གཞིས་ཆགས་འདིའིི་ནང་ཤིང་འབྲས་སྡོང་པོོ་ཐོོག་

མར་བཙུགས་མཁན་ངའི་སྤོོ་ལགས་ཡིན་པ་ཤེས་བྱུང་ ངའི་དྲན་

ཚོད་ལ་སྒོ་རྭའིི་ནང་གི་ཤིིང་འབྲས་སྨིན་པའི་དུུས་སྤོ་ལགས་ཀྱིས་

ཕུད་དེ་གཞིིས་ཆགས་ཀྱི་དགོན་པའི་ནང་སྐུ་གསུུང་ཐུུགས་རྟེན་

གྱིི་ལྷུུང་བཟེད་ནང་ཕུལ་གནང་གི་འདུུག་ དེ་རྗེེས་ང་ཚོར་གཞི་

ནས་གནང་གིི་ཡོོད་ དེ་དུུས་ངའི་ཨ་མ་ལགས་དང་པ་ལགས་

ཀྱིས་ཀྱང་སྤོ་ལགས་ལ་ཕྱག་རོགས་ཞུས་ཏེ་ཤིིང་འབྲས་མང་པོ་

བཏོགས་པ་གནང་ནས་གཞིས་ཆགས་ཀྱི་ཕྲུུ་གུུ་ཚང་མར་བགོ་

བཤའ་སྐྱོན་ནས་གནང་གི་རེེད་ ད་ཆ་ང་རང་ཆེན་པོ་ཆགས་ནས་

ཐག་རིང་གིི་སློོབ་གྲྭ་འདིི་གར་སླེབས་ཀྱང་ཟླ་བ་གཉིས་ཀྱིི་གུུང་

སེང་ལ་ངས་སྤོ་ལགས་ལ་ཚལ་ཞིང་ནང་ཕྱག་རོགས་གང་ཐུབ་

Page 42: Chungchung

36 37

ཞུ་གི་ཡོོད་ ཡིན་ནའང་ཚལ་རིིགས་མང་བའི་སྒང་དང་ཤིང་འབྲས་

སྨིིན་པའི་དུུས་ལ་ང་རང་ནང་ལ་སླེབས་ཀྱི་མེེད་དུུས་སྤོ་ལགས་

ཀྱིིས་བཏབ་གནང་བའི་བྱིི་རུུ་ལྟར་དམར་བའི་བླ་མའི་སྨན་ཐང་

དང་ ཁ་མདོག་སྨུག་པའི་དོོ་ལུ་མ་དེ་བཞིིན་རྫ་མ་ལྟར་ཆེ་བའིི་

ཀ་དུར་ མཛུུབ་ཤས་རིང་བའིི་སྲན་མའི་གང་བུ་སོགས་གཡུ་ལྟར་

སྔོ་བའིི་ཚལ་རིིགས་དོག་པོ་ཆེན་པོ་དེེ་ཚོོ་མཐོང་རྒྱུའིི་གོོ་སྐབས་

མེད་སྟབས་ང་རང་ཧ་ཅང་ལྟ་འདོད་སྐྱེེ་ཀྱིིན་འདུུག་ དེར་བརྟེན་ངས་

ནང་ལ་བསྐུར་བའི་འཕྲིིན་ཡིིག་ནང་ཤིང་འབྲས་སྨིན་པའི་སྐབས་

དང་ཚལ་དོག་པོ་ཆགས་པའི་སྐབས་ལ་འདྲ་པར་རྒྱབ་ནས་བསྐུར་

རོགས་ཞེས་ཞུུས་པ་ཡིན་ མ་ཟད་ངའི་སེེམས་ནང་ག་དུུས་ཡིན་

ནའང་སྤོ་ལགས་ཀྱི་ཐུུགས་རྒྱུད་བཟང་པོར་སློབ་སྦྱོང་བྱས་ཏེ་ང་

ཚོའིི་ཕ་ཡུུལ་བོད་རང་གི་ས་ཆའི་སྟེེང་མེ་ཏོོག་དང་ཚལ་རིིགས་

སྣ་ཚོགས་ ཤིང་འབྲས་སྡོང་པོོ་གང་མང་འཛུུགས་རྒྱུ་བྱུུང་ན་ཅི་མ་

Page 43: Chungchung

39

རུུང་སྙམ་གྱི་འདུུག༌།

༄་།གནའ་སྔ་མོ་ངང་པ་ཞིག་དང་ངང་མོ་ཞིིག་ལ་ངང་ཕྲུུག་

གསུུམ་ཡོད་ཅིིང་ཁོ་ཚོོ་དྲོོ་སྐྱིིད་ལྡན་པའི་ཚང་ཞིིག་གིི་ནང་སྡོད་

ཀྱིི་ཡོོད་ ངང་པ་ཕ་དེས་ཉིིན་ལྟར་ཕྱི་ལ་ཟས་འཚོལ་བར་འགྲོ་

བ་དང་ངང་མོས་ཉིིན་ལྟར་ངང་ཕྲུུག་ཉར་ནས་སྡོད་ཀྱིི་ཡོད་ ཐེངས་

གཅིག་ངང་པ་ཕ་དེ་ཕྱིི་ལ་ཟས་འཚོལ་དུུ་སོང་ནས་ཉིན་ཤས་

ལོག་མ་ཡོང་བས་ངང་མོ་དང་ངང་ཕྲུུག་ཚོས་སེམས་ཁྲལ་ཆེན་

པོས་པ་ཕ་ལོག་ཡོང་བར་སྒུག་ཀྱང་ད་དུུང་སླེབས་མཁན་མེད་

པས་ངང་པ་ཨ་མས་ངང་ཕྲུུག་རྣམས་ཚང་ལ་བཞག་ནས་ངང་པ་

ཕ་དེ་འཚོལ་དུུ་སོང་ ངང་མོས་སོང་སོང་ནས་བྱ་རོག་ཅིིག་དང་ཐུུག་

ནས་གླུ་འདིི་ལྟར་བླངས་ ངང་ངང་ངང་ ངང་པ་་པ་ཕ་མཐོང་བྱུང་ངམ་

ངང་ཕྲུུག་གསུུམ་པོ་གསོ་མཁན་མི་འདུུག་ མཚོ་ལ་གཡས་

སྐོར་རྒྱག་མཁན་མི་འདུུག་ ངང་ངང་ངང་ ཞེས་དྲིིས་པར་བྱ་རོག་དེས་

གཤོག་པ་གུུག་གུུག་བྱེད་ཀྱིིན་ པོ་པོོ་པོ་ ངང་པ་་པ་ཕ་མཐོང་

38

ངང་མོས་ངང་ཕྲུུག་གི་ཕ་འཚོལ་དུུ་སོང་བ་

Page 44: Chungchung

39

མ་བྱུང་ ངང་ཕྲུུག་གསུུམ་པོ་ངས་གསོ་ཆོག་ མཚོ་ལ་གཡས་

སྐོར་ངས་རྒྱབ་ཆོག་ པོ་པོོ་པོོ་ ཞེས་ལན་བཏབ་ ངང་མོས་དེེ་

ལ་ཁ་ཡ་མ་བྱས་པར་མུ་མཐུད་འཚོལ་བར་ཕྱིན་པས་སྐྱ་ཀ་

ཁྲ་མོ་ཞིིག་ཐུུག་ནས་སྔར་བཞིན་གླུ་བླངས་ཏེ་དྲིིས་པར་ སྐྱ་ཀས་

མཇུུག་མ་གཡུག་གཡུག་བྱས་ནས་ ཀྲ་ཀྲ་ཀྲ་ ངང་པ་པ་ཕ་

མཐོང་མ་བྱུུང་ ངང་ཕྲུུག་གསུུམ་པོ་ངས་གསོ་ཆོག་ མཚོ་ལ་

གཡས་སྐོར་ངས་རྒྱབ་ཆོག་ ཀྲ་ཀྲ་ཀྲ་ ཞེས་གླུ་བླངས་པས་ངང་

མོས་སེམས་སྐྱོ་བཞིིན་མུུ་མཐུུད་འཚོལ་དུུ་བསྐྱོད་ ཡང་པུ་ཤུུད་

ཅིིག་ཐུུག་པས་དེ་ལ་སྔར་བཞིན་དྲིིས་ཀྱང་ཕོ་རོོག་དང་སྐྱ་ཀ་ལྟར་

ལན་བཏབ་པས་སེམས་ལྷག་པར་སྐྱོ་ནས་མིག་ཆུུ་གཏོང་གིིན་

འཚོལ་དུུ་སོང་བས་མཐར་བྱ་ཏིང་ཏིིང་སྒྲོལ་མ་ཞིིག་འཕུུར་ཡོང་

བ་དང་ཕྲད་པས་སྔར་བཞིན་གླུ་བླངས་ནས་དྲིས་པས་ཏིིང་ཏིིང་སྒྲོོལ་

མ་སྙིང་རྗེེ་ཚད་མེད་སྐྱེས་ཏེ་ངང་མོར་གླུ་ལན་འདི་ལྟར་བླངས་ ཏིང་

ཏིིང་ཏིིང་ ངང་པ་པ་ཕ་ངས་མཐོང་བྱུང་ ཡ་གིའིི་རྒྱལ་པོའིི་རྒྱལ་

Page 45: Chungchung

40 41

གཞིས་ནང་ལ་ སྐེ་ལ་ལྕགས་ཐག་བརྒྱབ་ནས་བཞག་འདུུག་

ཏིང་ཏིིང་ཏིིང་ ཞེས་གླུ་ལན་བཏབ་པས་ངང་མོ་ཤིིན་ཏུུ་དགའ་ནས་

བྱིའུུ་ཏིིང་ཏིིང་སྒྲོལ་མར་ཐུགས་རྗེ་ཆེེ་ཞུུས་ཏེ་མྱུུར་དུུ་རྒྱལ་པོའིི་

ཕོོ་བྲང་ཕྱོགས་སུུ་འཕུུར་ནས་གང་སར་ལྡིང་སྐོར་བརྒྱབ་ནས་

བལྟས་པས་ངང་པ་་ཕ་དེ་ཕོ་བྲང་གི་ཟུུར་ཞིག་ལ་སྐེ་ལ་ལྕགས་

ཐག་བསྐོན་ནས་བཏགས་ཡོད་པ་མཐོང་བས་ལམ་སེང་རྒྱལ་

པོའིི་མདུུན་ལ་བབས་ནས་ཕྱག་འཚལ་བཞིན་ཞུུས་པ་ ངང་ངང་

ངང་ རྒྱལ་པོ་ཆེེན་པོ་ང་ལ་གསོན་དང་ ངང་པ་པ་ཕ་གློད་རོོགས་

གནང་དང་ ངང་ཕྲུུག་གསུུམ་པོ་གསོ་མཁན་མི་འདུུག་ མཚོ་

ལ་གཡས་སྐོར་རྒྱག་མཁན་མི་འདུག་ ངང་ངང་ངང་ ཞེས་ངུ་

བཞིན་ཞུུས་པས་རྒྱལ་པོ་ཡང་སྙིང་རྗེེ་ཆེེན་པོ་སྐྱེེས་ནས་ངང་པ་དེ་

གློོད་པར་མ་ཟད་དེ་ནས་བཟུང་ཁོ་ཚོར༌ལྡུམ་རའི་ནང་ནས་ཟས་

ག་དུུས་ཡིན་ཡང་ལེན་ཆོག་པའི་བཀའ་གནང་བས་དགའ་སྐྱིད་

ཀྱིི་འཚོ་བར་རོལ་བའི་སྐལ་བ་བཟང་པོ་ཞིིག་ཐོབ་པ་རེད་ ངང་པ་

Page 46: Chungchung

40 41

ཕོ་དེེའིིི་སྐེེེ་ལ་ལྕགས་ཐག་བསྐོན་ཤུུལ་དུུ་ནག་པོ་ཆགས་ཡོད་

པས་དེང་སང་མི་ཚོོས་སྐེ་ནག་པོ་ཡིིན་པའི་ངང་པ་ཚང་མ་ཕོ་

ཡིིན་པར་ངོས་འཛིན་བྱེད་ཀྱིི་ཡོོད༌།